1833

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་གླིང་རྒྱལ་ཐོག་གཉིས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་ཕྱི་ལོ་ ༡༨༥༠ ལོར་ཡར་ལུང་སྡེ་པར་ཡབ་ཚེ་རིང་དར་རྒྱས་དང་། ཡུམ་ཨ་ལགས་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མིང་ལ་ནོར་བུ་དོན་གྲུབ་ཞུ། དགུང་ལོ་བཞི་པར་ལྷ་ས་ཀུན་བདེ་གླིང་དུ་གདན་དྲངས། རྭ་སྒྲེང་སྐུ་ཕྲེང་བཞི་པ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་ལ་གཙུག་ཕུད་ཕུལ། མཚན་ལ་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གསོལ། རྒྱུད་སྟོད་མཁན་ཟུར་ངག་དབང་ནོར་བུ་ཡོངས་འཛིན་དུ་བསྟེན། ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བ་མཛད། དྲུག་པར་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད། གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་མཛད་པའི་དབུ་བཙུགས། བཅུ་དགུ་པར་ལྷོ་གནས་སུ་ཕེབས། ཉི་ཤུ་པར་འོན་རྒྱལ་སྲས་ངག་དབང་ཐོགས་མེད་བསྟན་འཛིན་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས། བྲག་རི་བློ་བཟང་ཆོས་འབྱོར་དང་ཕུར་ལྕོག་བྱམས་པ་རྒྱ་མཚོ་སོགས་བསྟེན། མདོ་སྔགས་ཀྱི་ཆོས་སྐོར་མང་དུ་གསན། ཉེར་གཉིས་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། ལྷ་རམས་པའི་མཚན་རྟགས་ཀྱང་བཞེས། ཉེར་དྲུག་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཕག་ཕྱི་ལོ་ ༡༨༧༥ ལོར་བོད་ཀྱི་རྒྱལ་ཚབ་མཛད། ཉེར་དགུ་བར་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་གསེར་ཁྲིར་མངའ་གསོལ། སོ་གསུམ་པར་རྒྱལ་བའི་ཡོངས་འཛིན་གནང་། རབ་བྱུང་གི་སྡོམ་པ་ཡང་ཕུལ། ཕྱིའི་བཙན་གནོན་ལ་རྒོལ་ལན་སྤྲད། ལོ་ངོ་བཅུ་གཉིས་རིང་དུ་ཆབ་སྲིད་བསྐྱངས། སོ་བདུན་པ་རབ་བྱུང་བཅོ་ལྔ་པའི་མེ་ཁྱི་ཕྱི་ལོ་ ༡༨༨༦ ལོར་སྐུ་གཤེགས། རྟ་ཚག་སྐུ་ཕྲེང་བཅུ་པ་ཡིན། གསུང་རྩོམ་པོད་གཅིག་བཞུགས། མཚན་གཞན། ནོར་བུ་དོན་གྲུབ། རྟ་ཚག་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། རྟ་ཚག་སྲིད་སྐྱོང་ཆོས་ཀྱི་རྒྱལ་མཚན།

{{#arraymap:ཀུན་གླིང་རྒྱལ་ཐོག་གཉིས་པ་

|; |@@@ | | }}