18332

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་སྟོན་པ་ཕུན་སུམ་ཚོགས་པའི་རྣམ་གྲངས་དགུ་ (1)
Part of speech མིང་ཚིག
Definition མི་ཕམ་མདོ་སྡེ་རྒྱན་གྱི་དགོངས་དོན་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས་བྱུང་བ་སྟེ། སེམས་དཔའ་མཆོག་གི་ཆོས་སྟོན་པ་ནི་གཞན་གྱིས་བརྒལ་ཀྱང་ཚིག་རྩུབ་པོ་མི་འབྱིན་པས་འཇམ་པ། བསྟོད་པ་བཀུར་སྟི་སོགས་འབྱོར་ཀྱང་རྒྱགས་པ་བྲལ་བ། ཆོས་སྟོན་པ་ལ་ངལ་དུབ་ཀྱིས་མི་སྐྱོ་བ། དཔེ་མཁྱུད་མེད་པར་འཆད་པ། དོན་ཚང་པར་འཆད་པས་གསལ་བ། དོན་སྣ་ཚོགས་པ་ཡང་ཡང་ཟློས་པ་མེད་པར་འཆད་པ། ཚད་མ་དང་མི་འགལ་བར་རིགས་པ་དང་ལྡན་པར་འཆད་པ། ཚིག་དང་ཡི་གེ་འཇིག་རྟེན་ན་ཡོངས་སུ་གྲགས་པར་བརྗོད་པས་གཞན་གྱིས་ལེགས་པར་གོ་ཞིང་རྙེད་པ་དང་བཀུར་སྟི་འདོད་པ་སྤངས་པས་ཟང་ཟིང་མེད་པ། ཐེག་པ་ཀུན་ལ་མཁས་པས་ཐེག་པ་གསུམ་ཆར་གྱི་དོན་སྟོན་པས་ཀུན་ཏུ་འགྲོ་བ་སྟེ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ནི་དོན་བཟང་པོ་སྟོན་པས་སྟོན་པ་ཕུན་སུམ་ཚོགས་པ་ཞེས་བྱ་བའོ། །
Domain ཆོས་ལུགས།