18333
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཆོས་སྟོན་པའི་སྡེ་ཚན་ནི། འགྲེང་ལ་སོགས་པ་རྣམ་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་ཞོན་པ་ལྔ། །ལག་ན་འཁར་བ་ན་སོགས་དྲུག ། ཅེས་པས་བསྟན། དེ་ལ་འགྲེང་སོགས་ལྔ་ནི། ཉན་པ་པོ་མི་ན་བར་འདུག་པ་ལ་འཆད་པ་པོས་འགྲེང་སྟེ་ཆོས་མི་འཆད། མི་ན་བར་ཉལ་བ་ལ་ཆོས་མི་འཆད། མི་ན་བར་སྟན་མཐོན་པོ་འདུག་པ་ལ་ཆོས་མི་འཆད། མདུན་དུ་འགྲོ་བ་ལ་འཆད་པ་པོས་ཕྱི་ནས་འགྲོ་ཞིང་ཆོས་མི་འཆད། ཉན་པ་པོ་ལམ་ནས་འགྲོ་བ་ལ་འཆད་པ་པོས་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་འཆད་དོ། །མགོ་གཡོགས་ལ་སོགས་ལྔ་ནི། མི་ན་བར་ཉན་པ་པོ་མགོ་རས་ལ་སོགས་པས་གཡོགས་པ་དང། གོས་བརྫེས་པ་དང། ཆོས་གོོས་ཕྲག་པ་གཉིས་ཀར་གཟར་བ་དང། ལག་པ་གཉའ་གོང་དུ་བསྣོལ་བ་དང། ལག་པ་ལྟག་པར་བསྣོལ་བ་རྣམས་ཆོས་མི་འཆད་དོ། །དོ་ཀེར་ཅན་སོགས་ལྔ་ནི། སྤྱི་གཙུག་ཏུ་སྐྲ་བསྡུས་པའི་ཐོར་ཅོག་ཅན་ལ་དང། མགོ་ལ་ཞྭ་གྱོན་པ་ལ། མགོ་ལ་དར་ལ་སོགས་པའི་ཅོད་པན་བཅིངས་པ་ལ། མགོ་ལ་མེ་ཏོག་གི་ཕྲེང་བ་བཅིངས་པ་ལ། མགོ་ལ་ཐོད་དཀྲིས་པ་ལ་ཆོས་མི་འཆད་དོ། །ཞོན་པ་ལྔ་ནི། གླང་པོ་ཆེ་ལ་ཞོན་པ་ལ། རྟ་ལ་ཞོན་པ་ལ། ཁྱོགས་ཀྱི་སྟེང་ན་འདུག་པ་ལ། ཤིང་རྟའི་སྟེང་ན་འདུག་པ་ལ། འཆིལ་ལྷམ་གྱོན་པ་ལ་ཆོས་མི་འཆད་དོ། །འཁར་བ་སོགས་དྲུག་ནི། ལག་ན་འཁར་བ་ཐོགས་པ་ལ། གདུགས་ཐོགས་པ་ལ། མཚོན་ཐོགས་པ་ལ། ལག་ན་རལ་གྲི་ཐོགས་པ་ལ། གོ་ཆ་གྱོན་པ་ལ་ཆོས་མི་འཆད་པའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |