18334

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་སྟོན་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་ཁྱིམ་པ་མོ་ལ་ཆོས་བསྟན་ཞིང་དེའི་རྗེས་སུ་དྲུག་སྡེས་ཚིགས་དྲུག་ལས་ལྷག་པར་བསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགས་སྐྱེས་པ་མེད་པར་ཁྱིམ་པ་མོ་ལ་ཆོས་ཚིགས་ལྔའམ་དྲུག་ལས་ལྷག་པར་བསྟན་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། སྟོན་པ་ལའོ། །ཆོས་སོ། །ཚིག་དྲུག་ལས་ལྷག་པའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གིས་ཁྱིམ་པ་མོ་ལ་སྐྱེས་པ་རིག་པ་མེད་པར་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཚིག་དྲུག་ལས་ལྷག་པར་སྟོན་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་གསུངས།
Domain ཆོས་ལུགས།