18335

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་སྟོན་པར་གཅེས་པར་འགྱུར་བའི་ཡོན་ཏན་བཅུ་གཅིག་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ༡ ཡུལ་དང་དུས་སུ་རིགས་པ། ༢ གོ་བར་འགྱུར་བ། ༣ འགལ་བ་མེད་པ། ༤ གསལ་བ། ༥ རྙེད་པ་དང་བཀུར་སྟིའི་རྩ་བས་མ་ཡིན་པ། ༦ གདུལ་བྱའི་སེམས་ཀྱི་རྗེས་སུ་མཐུན་པར་ཆོས་སྟོན་པ། ༧ སྦྱིན་པའི་འབྲས་བུ་སླུ་བ་མེད་པར་སྟོན་པ། ༨ ཐེག་པ་ཆེན་པོ་དང་ཡང་དག་པར་ལྡན་པ། ༩ འཁོར་བའི་ཉེས་དམིགས་ཀྱི་ཆོས་སྟོན་པ། ༡༠ མཐོ་རིས་སུ་འབབ་པར་འགྱུར་བའི་ཆོས་སྟོན་པ། ༡༡ ལས་དང་འབྲས་བུ་ཀུན་ཏུ་སྟོན་པར་བྱེད་པས་སྟོན་པ་སྟེ། དེ་ལྟར་རྣམ་པ་བཅུ་གཅིག་གིས་ཆོས་སྟོན་པར་བྱེད་པ་ནི། ཉན་པ་པོ་རྣམས་དང་། རབ་ཏུ་སྨྲ་བར་བྱེད་པ་རྣམས་ལའང་གཅེས་པར་འགྱུར་བའི་ཆོས་རྣམས་ཡིན་ནོ། །
Domain ཆོས་ལུགས།