18338

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་སྟོན་ཚུལ་ཉེར་དྲུག་ (1)
Part of speech མིང་ཚིག
Definition ཉེས་བྱས་ཀྱི་སྡེ་ཚན་བདུན་པ་ཆོས་སྟོན་ཚུལ་གྱི་སྡེ་ལ། ༡ ཉན་པོ་མིན་བཞིན་དུ་འདུག་པ་ལ་རང་ཉིད་འགྲེངས་ཏེ་ཆོས་འཆད་པ་དང༌། ༢ དེ་བཞིན་དུ་ཉལ་བ་དང༌། ༣ ཁྲི་སྟན་ཆེ་མཐོར་འདུག་པ་དང༌། ༤ མདུན་དུ་འགྲོ་བ་ལ་རྒྱབ་ནས་ཆོས་འཆད་པ་དང༌། ༥ ལམ་གྱི་དབུས་ནས་འགྲོ་བ་ལ་ལམ་པོའི་འགྲམ་ནས་ཆོས་འཆད་པ་དང༌། ༦ མི་ན་བར་མགོ་གཡོགས་པ་དང༌། ༧ གོས་བརྫེས་པ་དང༌། ༨ བླ་གོས་ཕྲག་པར་གཟར་བ་དང༌། ༩ ལག་པ་གཉའ་གོང་དུ་བསྣོལ་བ་དང༌། ༡༠ ལྟག་པར་བསྣོལ་བ་དང༌། ༡༡ སྐྲ་སྤྱི་བོར་བསྡུས་ཏེ་དོ་ཀེར་ཅན་དང༌། ༡༢ ཞྭ་གྱོན་པ་དང༌། ༡༣ ཅོད་པན་བཏགས་པ་དང༌། ༡༤ མེ་ཏོག་གི་ཕྲེང་བ་བཅིངས་པ་དང༌། ༡༥ ལ་ཐོད་དཀྲིས་པ་དང༌། ༡༦ གླང་ཆེན་ལ་ཞོན་པ་དང༌། ༡༧ རྟ་ལ་ཞོན་པ་དང༌། ༡༨ ཁྱོགས་ཀྱི་སྟེང་ན་འདུག་པ་དང༌། ༡༩ ཤིང་རྟའི་སྟེང་ན་འདུག་པ་དང༌། ༢༠ མཆིལ་ལྷམ་གྱོན་པ་དང༌། ༢༡ འཁར་བ་ཐོགས་པ་དང༌། ༢༢ གདུགས་ཐོགས་པ་དང༌། ༢༣ མཚོན་ཆ་ཐོགས་པ་དང༌། ༢༤ རལ་གྲི་ཐོགས་པ་དང༌། ༢༥ མདའ་གཞུ་ཐོགས་པ་དང༌། ༢༦་གོ་ཆ་གྱོན་པ་བཅས་ལ་ཆོས་བཤད་པ་སྟེ་ཉེར་དྲུག་གོ
Domain ཆོས་ལུགས།