18351

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་སྤྱི་ཙམ་བཀོད་པའི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition ཏིང་ངེ་འཛིན་གྱི་ནང་གསེས་དང་པོ། དངོས་པོ་གཞན་གྱི་ཆོས་གང་ཡིན་པ་དེ་ཉིད། ཆོས་ཅན་གཞན་དག་ལ་འཇིག་རྟེན་ན་མིང་དོན་ཇི་ལྟར་གྲགས་པ་དེ་ཡི་ལུགས་ཀྱི་རྗེས་སུ་འབྲངས་ནས་ཆོས་ཅན་དང་ཆོས་གཉིས་ཕན་ཚུན་སྦྱོར་ཚུལ་ཡང་དག་པའི་སྒོ་ནས་བརྗོད་པ་དེ་ནི་ཏིང་ངེ་འཛིན་གྱི་རྒྱན་དུ་ལྷོ་ཤར་གཉིས་ཀས་འདོད་དོ། །
Example བོད་མཁས་པས། གྲང་རེག་རྣམ་པར་རྒྱལ་བ་མཚན་དུས་ཀྱིས། །མུན་པ་འཐུང་བའི་ཆུ་སྐྱེས་ལོང་བའི་ཁྱུ། ། གཅིག་པུར་མི་སྐྱོ་སྣང་བྱེད་བདག་པོས་མིག། །འོད་ཟེར་སྟོང་གི་ཐུར་མས་འབྱེད་ལ་ཞུགས། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག