18354

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྣམ་བཤད་གཟི་བརྗིད་སྣང་བ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་ཀླུའི་དབང་ཕྱུག་གིས་མཛད་པའི་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྣམ་བཤད་གཟི་བརྗིད་སྣང་བ། བོད་ཀྱི་དགེ་ཚུལ་ཁྱུང་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཆོས་ཚན་འདི་སྣར་ཐང་པར་མ་ཁོ་ན་ལས་མི་བཞུགས་ཀྱང་། བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་པར་མ་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་འདི་རྩ་འགྲེལ་གཉི་ག་བརྫུན་མ་ཡང་དག་པ་གཅིག་འདུག་སྟེ། ནག་ཚོ་ལོ་ཙཱ་བ་ཡང་དག་ཏུ་བཞེད་པ་ཡིན་ཟེར་ནས་སྔར་གྱི་རྣམས་ཀྱིས་བྲིས་འདུག་པས་འདི་ཡང་བཞུགས་སུ་བཅུག་པ་ཡིན། ཞེས་འཁོད། བསྟན་འགྱུར་རྒྱུད་ནུ་པར་བཞུགས།