18357

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་སྤྱོད་བཅུ་ (1)
Part of speech མིང་ཚིག
Definition ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། ཐུབ་པ་ཆེན་པོའི་ཞལ་ནས། སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་དང་། །ཐབས་དང་སྟོབས་དང་སྨོན་ལམ་དང་། །ཡེ་ཤེས་པ་རོལ་ཕྱིན་པ་བཅུ། །ཞེས་དང་།
Domain ཆོས་ལུགས།
ཆོས་སྤྱོད་བཅུ་ (2)
Part of speech མིང་ཚིག
Definition བསླབ་བྱ་བཅུའམ་མོས་པ་སྤྱོད་པའི་ས་ལ་ཆོས་སྤྱོད་བཅུ་ཡོད་པ་སྟེ། མགོན་པོ་བྱམས་པའི་ཞལ་ནས། ཡི་གེ་འབྲི་བ་དང་། མཆོད་པ་འབུལ་བ། སྤྱིན་པ་གཏོང་བ། ཆོས་ཉན་པ། ཀློག་པ། འཛིན་པ། རབ་ཏུ་སྟོན་པ། ཁ་ཏོན་བྱེད་པ། ཆོས་ཀྱི་དོན་སེམས་པ། ཆོས་ཀྱི་དོན་སྒོམ་པ་སྟེ་བཅུ།
ཆོས་སྤྱོད་བཅུ་ (3)
Part of speech མིང་ཚིག
Definition ཐར་ལམ་མམ་འགྲོ་དོན་བཅུ་སྟེ། སྤྱན་རས་གཟིགས་ཀྱི་ཞལ་ནས། རྟེན་གསུམ་བཞེངས་དང་སྲོག་འདོན་ཟམ་པ་འཛུགས། །མཆོད་སྦྱིན་ཁྲུས་དང་བསྐོར་བ་ཚུལ་ཁྲིམས་རྣམས། །འགྲོ་བའི་དོན་ལ་བརྩོན་པ་ང་ཡི་སྲས། །ལུས་དེ་བོར་ནས་བདེ་བ་ཅན་དུ་སྐྱེ། །ཞེས་གསུངས་པ་ལྟར། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་གསུམ་དང་། སྲོག་སྐྱོབ་པ། ཟམ་འཛུགས་པ། མཆོད་པ། སྦྱིན། ཁྲུས། བསྐོར་བ། ཚུལ་ཁྲིམས་སྲུང་བ་དང་བཅུའོ། །