18365
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱང་ཆུབ་སེམས་དཔའི་ས་བཅུ་པ་ཆོས་ཀྱི་སྤྲིན་ཏེ། ནམ་མཁའ་ལ་ཆར་སྤྲིན་འཁྲིགས་ཏེ་ཆར་ཕབ་ནས་འཇིག་རྟེན་གྱི་ལོ་ཏོག་རྒྱས་པར་བྱེད་པ་ལྟར། བྱང་ཆུབ་སེམས་དཔའི་ས་བཅུ་པའི་ཤེས་རྒྱུད་ནམ་མཁའ་དང་འདྲ་བ་ལ་གཟུགས་དང་ཏིང་ངེ་འཛིན་ལ་སོགས་པའི་ཆོས་ཀྱི་སྤྲིན་འཁྲིགས་ནས་ཆོས་ཀྱི་ཆར་པ་ཕབ་སྟེ། གདུལ་བྱའི་རྒྱུད་ཀྱི་དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་རྒྱས་པར་བྱེད་པའི་རྒྱུ་མཚན་གྱིས་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱའོ། ། |
| Domain | ཆོས་ལུགས། |