From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཇ་ (1)
| Part of speech
|
མིང་ཚིག
|
| Definition
|
བོད་ཡིག་གི་གསལ་བྱེད་བདུན་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་རྐན་དང༌། བྱེད་པ་ལྕེའི་རྩེ་མོ་དང་ཉེ་བ། སྒྲ་འབྱིན་ཚུལ་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མོ་ཡིག་ཅིག
|
ཇ་ (2)
| Part of speech
|
མིང་ཚིག
|
| Definition
|
ཇ་ཤིང་གི་ལོ་མ་སྐམ་པོ་ཆུ་ནང་དུ་སྦངས་པའམ་གདུས་ནས་བཟོས་པའི་བཏུང་བྱ་ཞིག་སྟེ།
|
| Keyword
|
True
|
| Example
|
ཇ་དྭངས་བསྐོལ། རྒྱ་ཇ་མེ་ཏོག་ཡོངས་འཛིན་འཐུང་། ཇ་ལྗང་འཐུང་ཞོར་ཁ་བརྡ་བྱས་ནས་བསྡད་ལྟ་བུ།
|
ཇ་ (3)
| Part of speech
|
མིང་ཚིག
|
| Definition
|
ཇ་བཟོ་བྱེད་ཀྱི་ལོ་མ་སྐམ་པོ་སྟེ། དེ་ལ་དབྱེ་ན། ༡ ཕུ་མ། ༢ མདའ་མ། ༣ ཆར་མ། ༤ ཆུ་མ། ༥ ཞིང་མ། ༦ ཞིང་རྙིང་། ༧ གཤང་མ། ༨ ལྕི་མ། ༩ ལུད་ཅན། ༡༠ ལུད་མེད། ༡༡ རྩེ་ཇ། ༡༢ བར་ཇ། ༡༣ ཚ་འདུལ། ༡༤ གྲང་འདུལ། ༡༥ སྨིན་པ། ༡༦ མ་སྨིན་པ་སོགས་མང་།
|
| Keyword
|
True
|