18419

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇ་བ་གྲགས་པ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་སྨད་དུ་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། ཅིག་ཅར་འཇུག་པའི་རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ལོག་རྟོག་གི་ལྟ་བ་འཛིན་པ་ཞིག་ཡིན་ཡང་། བླ་ཆེན་དགོངས་པ་རབ་གསལ་གྱི་མཚན་སྙན་གསན་ཏེ། དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན། བླ་ཆེན་ལས་དམ་ཆོས་འདུལ་བ་གསན། སྔར་གྱི་ཅིག་ཅར་འཇུག་པའི་སྤྱོད་ལམ་ལ་ངོ་གནོང་། སེམས་འགྱོད་ནས་ཚུལ་བཞིན་དུ་བླ་ཆེན་པོ་ལས་རབ་ཏུ་བྱུང་། སྨད་ནས་འདུལ་བསྟན་དར་བར་མཛད་རྗེས་བཞག། བླ་ཆེན་དགོངས་པ་རབ་གསལ་གྱི་གྲགས་ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན།