18426

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇ་བཟི་ཇོ་མོ་དགོན་ (1)
Part of speech མིང་ཚིག
Definition གྲུབ་ཆེན་པདྨ་བདུད་འདུལ་གྱིས་རབ་བྱུང་བཅུ་བཞི་པའི་མེ་སྟག་ལོར་བཏབ། དགོན་པའི་མཚན་ལ་ཇོ་མོ་བདེ་ཆེན་མཚོ་རྒྱལ་དགོན་ཞེས་མཚན་གསོལ་སྟེ་གཙུག་ལག་ཁང་ཆུང་བ་ཞིག་བཞེངས། དགོན་འདིར་ཇོ་བཙུན་བརྒྱ་དང་བཅུ་གསུམ་འཛོམས་པའི་རྟེན་འབྲེལ་བསྒྲིགས། དགོན་འདི་གྲུབ་མཐའ་རྙིང་མ་གྲུབ་ཆེན་པདྨ་བདུད་འདུལ་གྱི་ཆོས་རྒྱུད་འཛིན་པ་ཉག་སྐལ་བཟང་དགོན་པའི་དགོན་ལག་ཡིན། ཤར་གཤོང་སྙིང་ཡེ་རིན་ཆེན་བླ་བྲང་ཚང་མཆོག་སྤྲུལ་སྐལ་བཟང་དབང་ཆེན་དང་། དབོན་ཚུལ་ཁྲིམས་རྣམ་རྒྱལ། དབོན་པདྨ་བསྟན་འཛིན་སོགས་དང་ཨ་གུག་ཆོས་མཚོ་དང་ཚེ་དབང་སྒྲོལ་མ་བཅས་ཀྱིས་བསྐྱངས། ལོ་ལྟར་ཉག་བླ་པདྨ་བདུད་འདུལ་དང་གཏེར་སྟོན་བསོད་རྒྱལ་གཉིས་ཀྱི་འདས་མཆོད་འཚོགས། རབ་བྱུང་བཅུ་བདུན་པའི་ས་འབྲུག་ལོར་མཁན་འཇིགས་མེད་ཕུན་ཚོགས་ཉག་རོང་བྱོན་སྐབས་སྨིན་གླིང་མི་འགྱུར་དཔལ་སྒྲོན་གྱི་ཡང་སྲིད་མུ་མཚོ་དགོན་འདིའི་བདག་པོར་མངའ་གསོལ། དེང་སང་དགོན་པ་འདིར་ཇོ་བཙུན་སུམ་ཅུ་སོ་གཅིག་བཞུགས་ཡོད།