18427
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གྲུབ་ཆེན་པདྨ་བདུད་འདུལ་གྱིས་ཇ་བཟི་དགོན་དང་བཞག་རྙིང་བསམ་གཏན་དགོན་པ་གཉིས་བཏབ་ན་ལེགས་ཞེས་གསུངས་པ་གཞིར་བཟུང་ནས། བན་རྒན་བཅུ་གསུམ་གྱིས་ཞི་བ་དགོན་པ་ལ་གསང་རྒྱ་མཛད་ནས་ཞི་བ་དགོན་དུ་མི་འཚོགས་རྒྱུའི་ཐག་བཅད། པདྨ་བདུད་འདུལ་གྱི་བཀའ་ལ་བརྟེན་ནས་ཇ་བཟི་ཐང་ལ་དགོན་པ་བཏབ། གྲུབ་མཐའ་རྙིང་མ་ཡིན། སྐལ་དགོན་བསམ་གཏན་དགོན་དང་ཇ་བཟི་དགོན་གཉིས་སྐལ་དགོན་གྱི་དགོན་ལག་ཡིན། ཀཿཐོག་པའི་དགོན་ལག་གསུམ་དུ་བརྩིས་ཡོད། |