1846

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་ཏུ་བཟང་པོ་ (1)
Part of speech མིང་ཚིག
Definition ཆོས་ལུགས། སྔགས། མ་ཧཱ་ཡོ་ག ཀུན་ཏུ་བཟང་པོ་ནི། ཕྱོགས་བཅུའི་མུན་སེལ་ལས། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷུན་སྟུག་པོ་བཀོད་པའི་ཞིང་ན་འཕོ་འགྱུར་མེད་པས་དུས་ཀུན་ཏུ་བཞུགས་ཤིང་རང་སྣང་བའི་ལོངས་སྤྱོད་ཆེན་པོ་རྫོགས་པས་བཟང་པོ་སྟེ། ཡེ་ཤེས་གསང་བ་ལས། རང་བཞིན་མི་གཡོ་ལྷུན་རྫོགས་ཤིང་། །སྤྱོད་ཡུལ་ཀུན་ཏུ་བཟང་པོ་སྟེ། །ཞེས་སོ། །དབྱེ་ན་ལྔ་སྟེ། ཀུན་གྱི་སྔོན་རོལ་ཏུ་མངོན་པར་བྱང་ཆུབ་པ་གདོད་མའི་སྟོན་པ་ཀུན་ཏུ་བཟང་པོ་སྟེ། ཞེས་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་ནི་རང་བཞིན་ཀུན་ཏུ་བཟང་པོའོ། །སེམས་ཉིད་འོད་གསལ་བའི་ངོ་བོ་སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་ད་ལྟ་ཉིད་ནས་རང་ཆས་སུ་ལྷུན་གྱིས་གྲུབ་པས་ཡེ་ནས་སངས་རྒྱས་པ་ནི་གཞིའི་ཀུན་ཏུ་བཟང་པོའོ། །ལམ་གོམས་པས་ཐབས་ཤེས་གཉིས་མེད་ཀྱི་རྟོགས་པ་ཤར་བ་ནི་ལམ་ཀུན་ཏུ་བཟང་པོའོ། །ལམ་མཐར་ཕྱིན་ནས་གཞི་ཐོག་ཏུ་ཕྱིན་ཏེ་སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ་ནི་འབྲས་བུའི་ཀུན་ཏུ་བཟང་པོའོ། །ཞེས་རྣམ་གྲངས་ལྔར་གསུངས།
Domain ཆོས་ལུགས།
ཀུན་ཏུ་བཟང་པོ་ (2)
Part of speech མིང་ཚིག
Definition རྒྱལ་བ་རྡོ་རྗེ་འཆང་སྟེ། རྗེ་ཙོང་ཁ་པའི་གསང་འདུས་འགྲེལ་པ་བཞི་སྦྲགས་ལས། ཀུན་ཏུ་བཟང་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། ཞེས་གསུངས།
ཀུན་ཏུ་བཟང་པོ་ (3)
Part of speech མིང་ཚིག
Definition ཡི་དམ་གྱི་ལྷ་ཞལ་གསུམ་ཕྱག་དྲུག་དང་ལྡན་པ་ཞིག་སྟེ། རྗེ་ཙོང་ཁ་པའི་སྔགས་རིམ་ཆེན་མོ་ལས། ཀུན་ཏུ་བཟང་པོ་ནི། དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དང་པོ་གཉིས་འཁྱུད་པའི་ཕྱག་རྒྱ་ཅན་གཡས་འོག་མ་གཉིས་རྡོ་རྗེ་དང་རལ་གྲི་དང༌། གཡོན་འོག་མ་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞེས་གསུངས།
ཀུན་ཏུ་བཟང་པོ་ (4)
Part of speech མིང་ཚིག
Definition ཉེ་བའི་སྲས་ཆེན་བརྒྱད་ཀྱི་ཡ་གྱལ་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ།
ཀུན་ཏུ་བཟང་པོ་ (5)
Part of speech མིང་ཚིག
Definition ཆོས་སྐུ་སྟེ། ཡེ་ཤེས་གྲུབ་པ་ལས། ཀུན་ཏུ་བཟང་པོ་ཞེས་བཤད་ཅིང་། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །མེ་ལོང་ཡེ་ཤེས་ཞེས་བྱ་སྟེ། །འདི་ནི་ཆོས་སྐུར་ཤེས་པར་བྱ། །ཞེས་ཀློང་ཆེན་རབ་འབྱམས་ཀྱི་ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ན་གསལ།
ཀུན་ཏུ་བཟང་པོ་ (6)
Part of speech མིང་ཚིག
Definition ལྟ་སྒོམ་སྤྱོད་འབྲས་བཞིའི་ནང་གི་སྤྱོད་པ་ལྔའི་ཡ་གྱལ་ཏེ། ཀུན་ཏུ་བཟང་པོའི་སྤྱོད་པའང་ཟེར།
ཀུན་ཏུ་བཟང་པོ་ (7)
Part of speech མིང་ཚིག
Definition རྫོགས་ཆེན་གྱི་གཞུང་དུ་གསལ་བའི་ཆོས་སྐུའི་སྟོན་པ།
ཀུན་ཏུ་བཟང་པོ་ (8)
Part of speech མིང་ཚིག
Definition རྫོགས་པ་ཆེན་པོའི་སྐབས་ཀྱི་རིག་པ།
ཀུན་ཏུ་བཟང་པོ་ (9)
Part of speech མིང་ཚིག
Definition བོན་ལུགས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ།
ཀུན་ཏུ་བཟང་པོ་ (10)
Part of speech མིང་ཚིག
Definition སངས་རྒྱས་སྤྱིའི་མཚན་ཏེ། སྐྱོན་དང་བྲལ་ཅིང་ཡོན་ཏན་ཀུན་རྫོགས་པས་ནའོ། །
Type མངོན་བརྗོད།
ཀུན་ཏུ་བཟང་པོ་ (1)
Part of speech རྒྱན་ཚིག
Definition ཆ་ཐམས་ཅད་ནས་ལེགས་པའམ་དགེ་བ་དང་། ཡོན་ཏན་ཡོངས་སུ་རྫོགས་པའི་དོན།
Example ཡོན་ཏན་ཀུན་ཏུ་བཟང་པོ་ལྟ་བུ།