18490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇབ་པ་བཀའ་བརྒྱུད་ (1)
Part of speech མིང་ཚིག
Definition རྟོགས་ལྡན་བཟོད་པ་སྟེ་སྟོང་ནག་རས་པ་བློ་གྲོས་རྡོ་རྗེ་ལས་རབ་ཏུ་བྱུང༌། གདམས་པ་ཡོངས་སུ་རྫོགས་པར་མཛད་དེ་སྐུ་ཡི་ཉེ་གནས་ཡུན་རིང་དུ་ཞབས་ཏོག་ཕུལ། ཞི་བར་གཤེགས་ནས་ཇབ་ཀྱི་སྒྲུབ་ཕུག་ཏུ་མཚམས་བཅད་མཛད། དེ་ནས་དཔལ་གྱི་ཇབ་དགོན་བཏབ་(འདི་ནི་ནང་ཆེན་རྫོང་ལྕི་ཉིན་སྲིབ་ཤང་གི་མངའ་ཁོངས་དཔལ་སྨད་ཇབ་ཆེན་དུ་ད་ལྟ་ཡང་ཆགས་ཤུལ་ཡོད)ནས་གདུལ་བྱ་ཆེ་འུར། རབ་བྱུང་ལྔ་པའི་ནང་ཙམ་ལ་བྱོན། (འཁྲུངས་འདས་མི་གསལ། ) དེའི་སློབ་མ་ཇབ་པ་ངག་དབང་སྟེ། རྟོགས་ལྡན་བཟོད་པ་ལས་སྨིན་གྲོལ་མཐར་ཕྱིན་པ་མཛད། དེ་རྗེས་ཇབ་པ་བླ་མ་དཔལ་འབྱོར་ཞེས་པ་སོགས་བྱོན་ཞིང་ཕྱིས་ཀྱི་བར་རྒྱུན་མ་ཆད་པར་སྣང་བ་སྟེ་ཇབ་པའི་སྐབས་སོ།