18491

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇབ་པ་རྟོགས་ལྡན་བཟོད་པ་ (1)
Part of speech མིང་ཚིག
Definition སྟོང་ནག་རས་པ་བློ་གྲོས་རྡོ་རྗེ་ལས་རབ་ཏུ་བྱུང༌། གདམས་པ་ཡོངས་སུ་རྫོགས་པར་གསན་དེ་སྐུ་ཡི་ཉེ་གནས་ཡུན་རིང་དུ་མཛད་དེ་ཞབས་ཏོག་ཕུལ། བློ་གྲོས་རྡོ་རྗེ་ཞི་བར་གཤེགས་ནས་ཇབ་ཀྱི་སྒྲུབ་ཕུག་ཏུ་མཚམས་བཅད་མཛད། དེ་ནས་དཔལ་གྱི་ཇབ་དགོན་བཏབ་(འདི་ནི་ནང་ཆེན་རྫོང་ལྕི་ཉིན་སྲིབ་ཤང་གི་མངའ་ཁུངས་དཔལ་སྨད་ཇབ་ཆུང་དུ་ད་ལྟ་ཡང་ཆགས་ཤུལ་ཡོད། ད་ལྟ་ནང་ཆེན་ཇ་པ་དགོན་ཞབས་དགོན་རེད་ཟེར་སྲོལ་འདུག་ཀྱང་ཐོག་མར་ཇབ་ལ་ལ་ཆགས་དེ་ནས་མར་ཆད་པ་ཨེ་ཡིན་བསམ། དགོན་ཞབས་དགོན་པ་དེ་དང་པོ་འབའ་རོམ་བཀའ་བརྒྱུད་དགོན་སྡེ་ཞིག་ཡིན་ས་རེད། )ནས་གདུལ་བྱ་ཆེ་འུར་དེའི་སློབ་མ་ཇབ་པ་ངག་དབང་སོགས་བྱོན། (འཁྲུངས་འདས་མི་གསལ། ) རབ་བྱུང་ལྔ་པའི་ནང་ཙམ་ལ་བྱོན། རི་དགོན་བཅོ་བརྒྱད་དུ་གྲགས་པའི་ནང་གི་ཇབ་པ་བཀའ་བརྒྱུད་ཀྱི་བླ་མ་དང་པོ་དེ་ཡིན།