185

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀ་མ་ལ་ཤཱི་ལ་ (1)
Part of speech མིང་ཚིག
Definition ཀ་མ་ལ་ནི་པདྨ་དང་ཤཱི་ལ་ནི་ངང་ཚུལ་ཏེ་པདྨའི་ངང་ཚུལ་ལམ་རྒྱལ་བའི་ངང་ཚུལ་ཞེས་བྱ་ཞིང༌། རྒྱ་གར་གྱི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཞེད་སྲོལ་འཛིན་པའི་པཎྜི་ཏ་ཆེན་པོ་ཞིག་ཡིན་པ་ཡོངས་གྲགས་ཀྱི་ལོ་རྒྱུས་ཕལ་ཆེ་བའི་ནང་གསལ། སློབ་དཔོན་འདི་མཁན་ཆེན་ཞི་བ་འཚོའི་དངོས་སློབ་ཡིན། མཁན་ཆེན་ཞི་བ་འཚོ་སྐུ་འདས་རྗེས་རྒྱ་ནག་ནས་ཕེབས་པའི་ཧཱ་ཤང་མ་ཧཱ་ཡ་ནས་ཅིག་ཅར་འཇུག་པའི་ཆོས་ཞེས་ཕྱག་མཆོད་སོགས་ལུས་ངག་གི་ཆོས་སྤྱོད་མི་དགོས་པར། དང་པོ་ནས་སེམས་རྣམ་པར་མི་རྟོག་པ་བསྒོམ་དགོས་པའི་སྲོལ་གསར་པ་དར་སྤེལ་བཏང་བར་བརྟེན། སྔར་གྱི་སློབ་དཔོན་ཞི་བ་འཚོའི་སྐབས་བཙུགས་གནང་བའི་ཆོས་སྲོལ་དང་མི་མཐུན་པའི་ཕྱོགས་ཁག་གསར་པ་ཞིག་ཆགས། བོད་ཀྱི་ནང་པའི་ཆོས་ལུགས་པ་ནང་ཁུལ་ལྟ་བ་མི་མཐུན་པའི་ཕྱོགས་ཁག་གཉིས་བྱུང༌སྟབས། མཁན་པོ་ཞི་བ་འཚོ་སྐུ་གཤེགས་ཁའི་ཞལ་ཆེམས་ལྟར། ཁོང་གི་སློབ་མ་ཀཱ་མ་ལ་ཤཱི་ལ་བལ་ཡུལ་ནས་བསམ་ཡས་སུ་གདན་དྲངས། ཧཱ་ཤང་མ་ཧཱ་ཡ་ན་དང་རྩོད་གླེང་གནང་སྟེ་ཧཱ་ཤང་ཚར་བཅད། སློབ་དཔོན་ཀ་མ་ལ་ཤཱི་ལ་བསམ་ཡས་ཆོས་རྩོད་ཀྱི་རྗེས་སུ་ལོ་ཁ་ཤས་བོད་དུ་བཞུགས་རིང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལྟ་བ་དང༌། སྒོམ་པ། འབྲས་བུ་གསུམ་གྱི་སྐོར་ལ་དྲི་བ་ཞུས་པའི་ལན་དུ་སྒོམ་རིམ་དང་པོ། བར་པ། ཐ་མ་བཅས་ཆེད་རྩོམ་མཛད་དེ་འབྲས་བུ་གསུངས་པའི་ཞོར་ལ་ཧཱ་ཤང་མ་ཧཱ་ཡ་ནའི་ལྟ་ཚུལ་ལ་དགག་པ་མཛད། སྒོམ་རིམ་ཁག་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་ཡོད། སླར་ཡང་སྒོམ་རིམ་གསུམ་གྱི་དོན་འགྲེལ་དུ་ལུང་རིགས་གཉིས་ཀྱི་སྒོ་ནས་གཏན་ལ་ཕབ་པའི་དབུ་མ་སྣང་བ་བརྩམས་པར་མཛད་པ་དེ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར། གཞན་ཡང་གསུང་རྩོམ་གཞན་དག་སྐོར་ཤེར་ཕྱིན་བདུན་བརྒྱ་པའི་རྒྱ་ཆེར་བཤད་པ་ལོ་ཙཱ་བ་ནམ་མཁའ་བསྟན་པས་བསྒྱུར། ཤེར་ཕྱིན་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་འགྲེལ་པ་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་བ་དང་། དབུ་མ་རྒྱན་གྱི་དཀའ་འགྲེལ་ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་བ་སོགས་བཀའ་རྩོམ་དུ་མ་མཛད། སློབ་དཔོན་སྐུ་གཤེགས་རྐྱེན་ནི། བོད་ཡིག་གི་ལོ་རྒྱུས་ཐོག་གསལ་བ་ལྟར་ན། ཧཱ་ཤང་མ་ཧཱ་ཡ་ནའི་ཕྱོགས་རྩོད་པས་ཕམ་ཉེས་བྱུང་བ་དེས་ནད་མ་ཐེག་པར་བརྟེན། གཤེད་མ་ལག་དམར་བ་གཉིས་མངགས་ནས་མཚན་མོ་སྒྲ་བསྒྱུར་ཁང་པར་གཟིམས་ནས་བཞུགས་པའི་དུས་སུ་མཁལ་མ་བཙིར་ནས་སྐུ་བཀྲོངས་པར་བཤད་པ་དང་། ཉང་རལ་ཆོས་འབྱུང་དུ་གྲོགས་པོ་རྒྱ་གར་བས་གསེར་གྱི་ཆེད་བཀྲོངས་བ་སོགས་བཤད།

{{#arraymap:ཀ་མ་ལ་ཤཱི་ལ་

|; |@@@ | | }}

ཀ་མ་ལ་ཤཱི་ལ་ (2)
Part of speech མིང་ཚིག
Definition པདྨའི་ངང་ཚུལ།
Foreign རྒྱ་གར།

{{#arraymap:ཀ་མ་ལ་ཤཱི་ལ་

|; |@@@ | | }}