18518
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཐལ་འགྱུར་པ། རྣམ་མཁྱེན་གྱིས་མཁྱེེན་ཚུལ་མཐུན་མོང་མ་ཡིན་པ་ཞིག་སྟེ། ཇི་ལྟ་བའི་ཆོས་དང་ཇི་སྙེད་པའི་ཆོས་གཉིས་ཀ་རྟོགས་ཀྱང་ཇི་སྙེད་པའི་ཆོས་རྟོགས་པ་ལྟར་དུ་ཇི་ལྟ་བའི་ཆོས་མ་རྟོགས་པར་ཇི་སྙེད་པའི་ཆོས་རྟོགས་པ་སྟེ། དཔེར་ན་རྣམ་མཁྱེན་གྱིས་རྣམ་མཁྱེན་བདེན་སྟོང་དང་རྣམ་མཁྱེན་གཉིས་ཀ་རྟོགས་ཀྱང་རྣམ་མཁྱེན་གཟིགས་པ་ན་གཉིས་སྣང་དང་བཅས་པའི་སྒོ་ནས་གཟིགས་པ་ལྟར། རྣམ་མཁྱེན་བདེན་སྟོང་གཟིགས་པ་ན་དེ་ལྟར་དུ་མ་གཟིགས་པར་རྣམ་མཁྱེན་རྟོགས་པ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། རྣམ་མཁྱེན་གྱིས་ཇི་སྙེད་པ་མ་གཟིགས་པའི་ཚུལ་གྱིས་ཇི་ལྟ་བ་གཟིགས་པ་དང༌། ཇི་ལྟ་བ་མ་གཟིགས་པའི་ཚུལ་གྱིས་ཇི་སྙེད་པ་གཟིགས་པ་དང༌། ཇི་སྙེད་པ་གཟིགས་པའི་གཟིགས་ངོར་ཇི་ལྟ་བ་མ་གཟིགས་པ་དང༌། ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་མ་གཟིགས་པའི་དོན་ཡོད་དེ། ཇི་ལྟ་བ་གཟིགས་པ་ལྟར་དུ་ཇི་སྙེད་པ་མ་གཟིགས། ཇི་སྙེད་པ་གཟིགས་པ་ལྟར་དུ་ཇི་ལྟ་བ་མ་གཟིགས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། མདོ་ལས། ཇི་ལྟར་དོན་དམ་པའི་བདེན་པ་ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཞེས་དང༌། མངོན་རྟོགས་རྒྱན་ལས། གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་དང༌། མདོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་གསུངས་པའི་ཕྱིར། རྣམ་མཁྱེན་གྱིས་རྣམ་མཁྱེན་བདེན་སྟོང་གཟིགས་པ་ལྟར་དུ་རྣམ་མཁྱེན་མ་གཟིགས་པ་ཡིན་ཏེ། དེས་རྣམ་མཁྱེན་བདེན་སྟོང་གཟིགས་པ་ན་ཆུ་ལ་ཆུ་བཞག་གི་ཚུལ་དུ་རོ་མཉམ་དུ་གཟིགས། རྣམ་མཁྱེན་གཟིགས་པ་ན་དེ་ལྟར་དུ་མ་གཟིགས་པའི་ཕྱིར། རྣམ་མཁྱེན་གྱིས་ཇི་སྙེད་པ་གཟིགས་པའི་སྒོ་ནས་ཇི་ལྟ་བ་གཟིགས་ཀྱང༌། ཇི་སྙེད་པ་མ་གཟིགས་པའི་ཚུལ་གྱིས་ཇི་ལྟ་བ་གཟིགས་པ་མི་འགལ་ཏེ། དཔེར་ན་རྒྱུན་མཐའ་བས་དེ་བཞིན་ཉིད་ལ་སླར་མི་ལྡང་བར་མཉམ་པར་བཞག་ཀྱང༌། དེ་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་མ་བཞག་པ་ལྟ་བུ་ཡིན་པའི་ཕྱིར། རྣམ་མཁྱེན་དང་ཇི་ལྟ་བ་གཉིས་འཇལ་བྱ་འཇལ་བྱེད་ཡིན་ཀྱང་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་འཇལ་བྱ་འཇལ་བྱེད་མ་ཡིན་ཏེ། དཔེར་ན་མྱུ་གུ་བདེན་མེད་དང༌། དེ་རྟོགས་པའི་རིགས་ཤེས་རྗེས་དཔག་གཉིས་འཇལ་བྱ་འཇལ་བྱེད་ཡིན་ཀྱང༌། དེས་དེ་གཟིགས་པའི་གཟིགས་ངོར་དེ་གཉིས་འཇལ་བྱ་འཇལ་བྱེད་མ་ཡིན་པ་ལྟ་བུ་ཡིན་པའི་ཕྱིར། དེར་ཐལ། མདོ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། ཞེས་གསུངས་པའི་ཕྱིར། ཞེས་གསུངས། དོན་གཅིག་ལ། ཇི་ལྟ་བ་མ་གཟིགས་པའི་ཚུལ་གྱིས་ཇི་སྙེད་པ་གཟིགས་པ་དང། རྣམ་མཁྱེན་གྱིས་ཇི་སྙེད་པ་གཟིགས་པའི་གཟིགས་ངོར་ཇི་ལྟ་བའི་ཆོས་མ་གཟིགས་པའོ། ། |
| Domain | ཆོས་ལུགས། |