18521

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇི་ལྟར་ (1)
Part of speech ཕྲད་ཚིག
Definition ཇི་འདྲ་བ་ཞིག་ཡིན་ཞེ་ན་ཞེས་པའི་དོན་ཡིན།
Keyword True
Example ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྟ་བུ།
ཇི་ལྟར་ (1)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་དང་པོའི་བཞི་པ་དཔེ་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཤིག་ཡིན།
Example འབྲུག་ཁམས་སྤྲུལ་གྱིས། ནམ་མཁའི་ཕ་མཐའ་འདི་ཇི་ལྟར། །ཟབ་ཡངས་མཁྱེན་པའི་མཐའ་མི་མངོན། །ལྟ་བུ།
Domain རྩོམ་རིག