18585

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇེ་ (1)
Part of speech བསྣན་ཚིག
Definition རྒྱན་ཚིག་གི་ཐོག་མར་སྦྱར་ན་སྔ་མ་ལས་བཟང་ངན་སོགས་འགྱུར་བ་མི་འདྲ་བ་ཕྱིན་པའི་ཚད་སྟོན་པ་སྟེ།
Keyword True
Example རྟ་རྒྱུག་གིན་རྒྱུག་གིན་ཇེ་མགྱོགས་དང་། །གཏམ་བཤད་ཀྱིན་བཤད་ཀྱིན་ཇེ་མཁས་རེད། །ལྟ་བུ།

{{#arraymap:ཇེ་

|; |@@@ | | }}

ཇེ་ (2)
Part of speech བསྣན་ཚིག
Definition ལས་ཚིག་ལ་ལའི་ཐོག་མའམ་མགོ་ལ་སྦྱར་ན་བྱ་བ་དེའི་བྱེད་ཚད་སྔ་མ་སྔ་མ་ལས་མང་བའི་དོན་སྟོན་ཏེ།
Keyword True
Example བསྡད་ཀྱིན་བསྡད་ཀྱིན་རྐུན་མས་ཅ་ལག་ཇེ་རྐུ་ཇེ་རྐུ་རེད། ཟ་མ་ཇེ་ཟ་ཇེ་ཟ་རེད། ཆང་འཐུང་གི་འཐུང་གི་ཇེ་འཐུང་ཇེ་འཐུང་རེད། ཁ་ཇེ་སྐོམ་ཇེ་སྐོམ་རེད། མར་འགྲོ་ཡི་འགྲོ་ཡི་ཇེ་སྐྱུག་ཇེ་སྐྱུག་རེད། བསམ་བློ་བཏང་ན་ཇེ་སྐྲག་ཇེ་སྐྲག་རེད། འཁོར་ལོ་ཇེ་འཁོར་ཇེ་འཁོར། ཁོ་གཉིས་ཇེ་འགྲིག་ཇེ་འགྲིག་རེད། སྤྲིན་པས་ཉི་མ་ཇེ་འགྲིབ་ཇེ་འགྲིབ་རེད། ལོ་ཇེ་ལོན་ཇེ་ལོན། ལང་ཚོ་ཇེ་རྒྱས་ཇེ་རྒྱས། ཀླུང་རྟ་ཇེ་དར་ཇེ་དར་རེད། སྐད་ངན་ཇེ་སྒྲོག་ཇེ་སྒྲོག་རེད། གཉོམ་ཆུང་ལ་ཇེ་སྡང་ཇེ་སྡང་རེད། ལོ་རེ་བསྡད་ན་ཇེ་ཕྱུག་ཇེ་ཕྱུག་རེད་ལྟ་བུ།

{{#arraymap:ཇེ་

|; |@@@ | | }}