18602

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇོ་ནང་ཁྲིད་བརྒྱའི་ངོ་སྤྲོད་འཐེབ་སྦྱོར་ (1)
Part of speech མིང་ཚིག
Definition ཇོ་ནང་། ཇོ་ནང་ཁྲིད་བརྒྱ་ཇི་ལྟར་མཛད་པའི་ཚུལ་ཏེ། གང་ལས་བསྡུས་པ་དང་ཇི་ལྟར་བསྡུས་པའི་ཚུལ་སོགས་ངོ་སྤྲད་པ་སྟེ། ཁྲིད་བརྒྱའི་སྤྱི་ཆིངས་ལས། རང་ཅག་དམན་མོས་པའི་ངོར་ཆོས་ཚུལ་འདི་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་བཅུད་ཡོངས་སུ་གཟུང་བའི་རྒྱ་བོད་ཀྱི་སྐྱེས་བུ་དམ་པ་མཐའ་དག་གིས་བརྫུན་བྲལ་བདེན་པའི་དབྱངས་གཅིག་གིས་ཆོས་མིན་དང་མ་འདྲེས་མ་སྦགས་པར་དམ་པའི་ཆོས་གཙང་མ་མདོ་རྒྱུད་བསྟན་བཅོས་ཀྱི་ལམ་བོ་ཆེ་ལས་དྲངས་ཏེ། ཁྲིད་ཀྱི་ཕྱོགས་རེ་རེས་ཀྱང་གང་ཟག་རེ་རེ་མཐར་ཕྱིན་སངས་རྒྱས་ཀྱི་གནས་སུ་སྐྱེལ་བའི་གདེང་ལྡན་དུ་སྩལ་བའི་གནད་མ་འཆུགས་པའི་སྒོ་ནས། གང་ཡང་འདི་ཇོ་བོ་བཀའ་གདམས་པའི་རིང་ལུགས་ལས་འོངས་པའི་རྒྱ་ཆེན་མདོ་སྡེའི་བསྡུ་བ་སྐྱེས་བུ་རབ་འབྲིང་ཐ་མ་གསུམ་གྱི་བློ་སྦྱོང་དུ་ལས་འབྲས་སྤང་བླང་ནས་བརྩམས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་རིན་པོ་ཆེ་ལ་མཐར་ཐུག་པའི་བར་ཁྲིད་ཚུལ་ལྟར་དང། ས་ཀར་གྱི་གྲུབ་མཆོག་ཆེན་པོ་དག་གི་ཞལ་རྒྱུན་ལྟར། ཟབ་མོའི་རྒྱུད་སྡེའི་ངེས་གསང་ཁོལ་དུ་ཕྱུང་བ། ལམ་རིམ་པ་གཉིས་ཀྱི་ལམ་པོ་ཆེ་ནས་ཞུགས་ཏེ། རྡོ་རྗེ་འཛིན་པའི་སར་ཕྱིན་པའི་ཁྲིད་ཚུལ་གཉིས་པོ་དག་ནི་འདིར་བཤད་བྱའི་སྙིང་པོར་གྱུར་པ་ལས། དེ་ཉིད་ཡང་རྒྱལ་བ་རྒྱལ་སྲས་ཀྱི་གསུང་རྗེན་པའི་ཕྲ་རྒྱས་ཀྱིས་ཇི་བཞིན་པའི་ཡིད་བརྟན་མཆོག་ཏུ་བསྒྲུབས་ནས། སངས་རྒྱས་དགྱེས་པའི་ལམ་སྲོལ་ཉིད་དུ་མདོ་རྒྱུད་དཔང་པོར་བཞག་ནས་དངོས་ཤུགས་སྦས་གསུམ་གྱིས་འཕྲུལ་ཕྱེ་སྟེ། མཐར་ཐུག་རྟོན་པ་བཞི་ལྡན་ལས་མི་འཆུགས་པའི་གཟེར་ཐེབས་པའི་ངོ་སྤྲོད་འཐེབ་སྦྱོར་ནི་སྙིང་པོའི་ཡང་སྙིང་པོ་སྟེ། དམ་པའི་ཆོས་ཀྱི་ཚུལ་རྒྱལ་བ་ལས་ལྷག་པའི་སྨྲ་བ་པོ་ཚད་མ་མི་སྲིད་པའི་ཕྱིར་རོ། །དེས་ན་རང་ཅག་གི་སྐལ་པས་ཐོབ་པའི་ཟབ་ཁྲིད་ཇི་སྙེད་པའི་ངེས་གནས་འདི་དག་ཏུ་ཡང་རང་བློས་གཞལ་བའི་ལེགས་ལེགས་ཀྱི་རྟོགས་བཟོའམ། ཡིད་དཔྱོད་མོས་ཞེན་གྱི་བླ་མའི་གསུང་བགྲོས་ཙམ་ལ་འཐས་པའི་ཕྱོགས་འཛིན་ཡིག་བྲིས་ཕན་ཚུན་བསྡུས་པའི་བསྲེ་བསླད་དུ་གྱུར་པ་གཅིག་ཀྱང་མ་མཆིས་པ་ནི་ཆོས་སྤྱན་གཟིགས་པ་དག་གིས་དཔེའི་ཡུལ་ལ་རྗེས་སུ་དཔྱད་པས་དགོངས་ཤིང་མཁྱེན་པའི་དབང་ལས་སོམ་ཉི་མི་སྤྱོད་པས། དེའི་ཕྱིར་རང་གིས་རྩ་བའི་བླ་མ་གང་གི་དྲིན་ལས་ཐོབ་པ་དང་། ཡི་གེ་མཛད་པ་པོ་གང་སུའི་མཚན་གྱིས་འཁྱུད་ཅེས་པའི་མདོ་ཙམ་ནི། ཁྲིད་བརྒྱའི་སྤྱི་ཆིངས་འདིར་བྲི་ཞིང་། བརྒྱུད་པ་མ་ལུས་པའི་མཚན་གྱི་རིམ་པ་སྤེལ་བ་ནི་བརྒྱུད་པའི་གསོལ་འདེབས་གང་དེ་དང་དེའི་ལམ་གྱི་རིམ་པའི་ལུས་རྣམ་པར་བཞག་པའི་ཞབས་ཐོག་པར་བགྱིས་པའི་སརྒ་ཕྱེ་བ་བཀྲ་ཤིས་པའི་གྲངས་ཀྱི་ཚུལ་སྤེལ་བ་ལས་ཤེས་ཤིང་། ཁོངས་སུ་ཆུད་པར་བྱ་བ་ཡིན་ནོ། ཞེས་བྱུང་། །
Domain ཆོས་ལུགས།

{{#arraymap:ཇོ་ནང་ཁྲིད་བརྒྱའི་ངོ་སྤྲོད་འཐེབ་སྦྱོར་

|; |@@@ | | }}