18605

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇོ་ནང་དགོན་ (1)
Part of speech མིང་ཚིག
Definition ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་རབ་བྱུང་ལྔ་བའི་ཤིང་རྟ་ལོ་ཕྱི་ལོ་ ༡༢༩༤ ལོར་གཙང་གི་ལྷ་རྩེ་རྫོང་ཁོངས་ཇོ་མོ་ནགས་རྒྱལ་དུ་ཕྱག་བཏབ། བཤད་པ་དང་གདམས་པ་གཉིས་ཀའི་སློབ་མ་མང་དུ་བསྐྱངས། དེ་དག་གི་ནང་ནས་བྱང་སེམས་རྒྱལ་བ་ཡེ་ཤེས། ལ་སྟོད་པ་དབང་རྒྱལ། མུན་མེ་བྲག་ཁ་བ། སྲོན་པ་ཀུན་རྒྱལ་རྣམས་ལ་ཀུན་སྤངས་བའི་བུ་བཞིར་གྲགས་པ་བྱུང་ཞིང་། གདན་ས་བྱང་སེམས་རྒྱལ་ཡེ་ཤེས་ཀྱིས་བསྐྱངས། དེ་ནས་མཁས་བཙུན་ཡོན་ཏན་རྒྱ་མཚོས་གདན་ས་བསྐྱངས། ཀུན་སྤངས་ཆེན་པོ་དང་ཁོང་གསུམ་ལ་ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་དུ་གྲགས། དེ་རྗེས་ཀུན་མཁྱེན་ཆེན་པོ་དོལ་བོ་པས་གཞན་སྟོང་དབུ་མ་ཆེན་པོའི་སྲོལ་གསལ་བོར་ཕྱེ་བའི་སྒྲུབ་བརྒྱུད་འདིའི་གྲགས་པ་ཆེས་ཆེར་རྒྱས། ཀུན་མཁྱེན་ཡབ་སྲས་བཅུ་བཞི་དང་འཇམ་མགོན་ཏཱ་ར་ན་ཐ་སོགས་མཁས་ཤིང་གྲུབ་པའི་སྐྱེས་བུ་ཟམ་མ་ཆད་པར་བྱོན་ཅིང་། བོད་ཡུལ་སྟོད་སྨད་དང་སོག་ཡུལ་སོགས་ཡུལ་གྲུ་དུ་མར་སྒྲུབ་བརྒྱུད་འདིའི་བསྟན་པ་དར་རྒྱས་བྱུང་།