18610
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགོན་འདི་ནི་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་སྲིང་ལྕམ་ཀུན་དགའ་འཕྲིན་ལས་དབང་མོའི་ལུང་བསྟན་བཞིན། ཨ་མདོ་བ་དཔོན་སློབ་ཀུན་དགའ་དཔལ་བཟང་གིས་ཕྱི་ལོ་ ༡༦༥༧ ལ་ཕྱག་བཏབ། སྒར་ཁག་གོང་འོག་གཉིས་དབུས་བཞུགས་པའི་མཁན་སྤྲུལ་རིམ་བྱོན་དང༌། སྒྲུབ་གྲྭ་གསང་སྔགས་བདེ་ཆེན་གླིང་གི་རྡོ་རྗེ་སློབ་དཔོན་རིམ་བྱོན། བཤད་གྲྭ་བློ་གསལ་གླིང་གི་མཁན་རབས་རིམ་བྱོན་གྱིས་ཐབས་མཁས་ཐུགས་རྗེའི་འཕྲུལ་གྱིས་བསྐྱངས་ཤིང་ད་ལྟ་བླ་གྲྭ་ལྔ་བརྒྱ་ཙམ་ཡོད། དགོན་འདི་སྔོན་དུས་སུ་རྔ་ཡུལ་སའི་ཚངས་པ་མ་བློན་རྨེའུ་རྒྱལ་བོས་བདག་སྐྱོང་བྱས་ཏེ། འབངས་སྡེར་གཏོགས་པའི་ཤོག་ཆེན་བཅུ་གཉིས་ཀྱི་ཡ་གྱལ་ལོ་རྟ་གྲོང་ཚོའི་ཁོངས་སུ་ཡོད། |