18614

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇོ་བཙུན་སྤྲས་པ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་སྨད་དུ་འཁྲུངས། བླ་མ་ལྷ་ཕྱུག་མཁར་བ་ཉི་ཟླ་འོད་སོགས་བཤེས་གཉེན་མང་པོ་བསྟེན། ཁྲིད་དང་གདམས་ངག་མ་ལུས་པ་ཞུས། རྟོགས་པ་ཁྱད་པར་ཅན་འཁྲུངས། སྟོད་ཕྱོགས་སུ་ཕེབས། དཔལ་བ་མེ་རྩེའི་དགོན་པ་བཏབ། དགེ་འདུན་གྱི་ཚོགས་པ་བསྐྱངས། བློ་སྨན་གཏད་བློ་ཤོད་ཀྱི་དགོན་པ་བཏབ། དབུ་མའི་བཤད་གྲྭ་བཙུགས། སྒོམ་སྒྲུབ་ཀྱིས་རྒྱུད་སྨིན་པར་མཛད། བལ་ཡུལ་དུ་བྱོན། འཕགས་པ་ཤིང་ཀུན་གྱི་སྲོག་ཤིང་བརྗེས། གདུགས་བཀལ། སྐུ་དཀར་གསོལ། རྡོ་རིང་བཙུགས། རྒྱལ་པོའི་རྒྱལ་པོ་དང་འབར་རོ་རྣམས་ཀྱིས་བཀྲ་ཤིས་སྒོ་མང་ཕུལ། རས་ལ་སོགས་པའི་འབུལ་བ་བྱུང་། སྐུ་གཤེགས་རྗེས་ཚོང་འདུས་པའི་བླ་མ་དཔོན་གྱིས་པུར་སྦྱངས། མཆོད་རྟེན་བཞེངས།