18630
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མ་ཇོ་ཉེར་བཞིའི་ཡ་གྱལ་ཞིག་སྟེ། དུས་རབས་བཅུ་གཅིག་པའི་སྨད་དུ་ལ་སྟོད་མང་མགར་དུ་འཁྲུངས། གཞོན་དུས་སུ་དིང་རིར་ཕེབས། ཕ་དམ་པ་དང་མཇལ། ཞི་བྱེད་ཀྱི་གདམས་པ་ཞུས། ཉམས་རྟོགས་ཤར། བྱང་ཆུབ་སེམས་དཔའ་ཀུན་དགའ་བསྟེན། ཞི་བྱེད་ཀྱི་གདམས་པའི་མན་ངག་མང་དུ་ཞུས། ཉམས་ལེན་མཛད་པས་གྲུབ་པ་ཐོབ། རྗེས་སུ་བྱང་ཆུབ་སེམས་དཔའ་ཀུན་དགའི་ཇོ་མོ་མཛད། མྱང་སྟོད་བྱང་ཡུལ་དུ་སྐུ་གཤེགས། རྡོ་རྗེ་སེམས་དཔའི་སྐུ་དང་། རིང་བསྲེལ་མང་དུ་བྱོན། |