18645
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མ་ཇོ་ཉེར་བཞིའི་ཡ་གྱལ་ཞིག་སྟེ། དུས་རབས་བཅུ་གཅིག་པའི་སྨད་དུ་འཕན་ཡུལ་དུ་འཁྲུངས། གཞོན་དུས་ནས་ཉེ་གནས་མ་ཞིག་ཁྲིད། ལ་སྟོད་དིང་རིར་ཕེབས། ཕ་དམ་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཀུན་དགའ་ཡབ་སྲས་གཉིས་བསྟེན་། ཞི་བྱེད་པའི་ཆོས་ཀྱི་གདམས་ངག་ཞུས། ཉམས་ལེན་མཛད། ཉེ་གནས་མ་དང་མཉམ་དུ་གཤེགས་སྐབས་ལུང་པ་སྨན་དྲིས་ཁྱབ། གྲུབ་པའི་རྟགས་བྱུང་། ཡུལ་མི་ཀུན་ངོ་མཚར་སྐྱེས། |