18646

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇོ་མོ་འབར་མ་ (1)
Part of speech མིང་ཚིག
Definition མ་ཇོ་ཉེར་བཞིའི་ཡ་གྱལ་ཞིག་སྟེ། དུས་རབས་བཅུ་གཅིག་པའི་སྨད་དུ་མྱང་སྟོད་དུ་འཁྲུངས། ཕ་དམ་པའི་དངོས་སློབ་བླ་མ་དམ་པ་བཅུག་གི་ཇོ་མོ་ཡིན། བླ་མ་དམ་པ་བཅུག་དང་མཉམ་དུ་དིང་རིར་བྱོན། ཕ་དམ་པ་དང་མཇལ། ཞི་བྱེད་ཀྱི་ཆོས་སྐོར་རྣམས་ཞུས། རི་དྭགས་ལྟར་རིར་ལོ་གསུམ་རིང་བཞུགས། ཉམས་རྟོགས་ཀྱི་ཡོན་ཏན་བརྙེས། མྱང་སྟོད་ཚེ་སྤོང་དུ་སྐུ་གཤེགས། སྤུར་སྦྱངས་སྐབས་རིང་བསྲེལ་མང་དུ་བྱོན།