18650
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མ་ཇོ་ཉེར་བཞིའི་ཡ་གྱལ་ཞིག དུས་རབས་བཅུ་གཅིག་པའི་སྨད་དུ་ཨོང་པོར་འཁྲུངས། ཆུང་ངུའི་དུས་ནས་རྣམ་རིག་གསལ་བ་དང་། བྱ་བ་སྒྲུབ་པར་མཁས་པ་ཞིག་ཡིན། ཕ་དམ་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཀུན་དགའ་ཡབ་སྲས་གཉིས་སྙན་གྲགས་ཐོས་ཏེ། ཡུལ་གྱི་འཁོར་ལོངས་སྤྱོད་ཐམས་ཅད་སྤངས། སྟོད་དིང་རིར་ཕེབས། ཕ་དམ་པ་ཡབ་སྲས་གཉིས་ལས་ཞི་བྱེད་པའི་ཆོས་ཀྱི་གདམས་ངག་རྣམས་ཞུས། སྒྲུབ་པ་ཉམས་ལེན་མཛད། གླང་འཁོར་དུ་ལོ་མང་དུ་བཞུགས། གུང་ཐང་དུ་བྱོན། བསྟན་འགྲོའི་བྱ་བ་བསྒྲུབས། དགོངས་པ་ཆོས་དབྱིངས་སུ་གཤེགས། གདུང་རི་ལ་བསྐྱལ་བས་ཤུལ་ནས་སྒྲོལ་མའི་སྐུ་གཅིག་བྱུང་བར་གྲགས། |