18651

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇོ་མོ་རྡོ་རྗེ་རྒྱན་ (1)
Part of speech མིང་ཚིག
Definition མ་ཇོ་ཉེར་བཞིའི་ཡ་གྱལ་ཞིག་སྟེ། དུས་རབས་བཅུ་གཅིག་པའི་སྨད་དུ་དིང་རི་གདོང་བར་འཁྲུངས། གཞོན་དུས་ནས་དམ་ཆོས་ལ་དད། སྐྱེ་གཟུགས་ལེགས་པ་ཞིག་ཡིན། དམ་པའི་གསུང་ལ་དད་ནས་གླང་འཁོར་དུ་ལོ་བཅོ་ལྔ་བསྡད། ཕྱིས་འཁྲུལ་ཞིག་ཏུ་སོང༌། རྟོགས་པ་ཤར། སྒྲུབ་པ་ལ་བརྩོན་པའི་ངང་ནས་སྐུ་གཤེགས། སྤུར་སྦྱངས་གྲབས་བྱས་པས་འོད་ཀྱི་ཕུང་པོ་ཅིག་གིས་སྣ་དྲངས། བྱང་རིའི་རྩེ་མོར་སོང་བ་ཀུན་ཀྱིས་མཐོང་བ་དང་། མཁའ་འགྲོ་མའི་ལུང་བསྟན་ཡིན་པར་ཀུན་གྱིས་གླེངས། ཐོ་རངས་བྱང་རིར་གདུང་བསྐྱལ་བས་གདུང་སྣ་འཇའ་འོད་ཀྱིས་དྲངས། ཉིན་ཞག་བདུན་རིང་འཇའ་འོད་ཀྱི་ཕུང་པོ་མ་ཡལ་བ། ཡུལ་མི་ཀུན་ཀྱིས་མཐོང་བས་ངོ་མཚར་སྐྱེས།