18652

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇོ་མོ་ལྷ་མོ་ (1)
Part of speech མིང་ཚིག
Definition མ་ཇོ་ཉེར་བཞིའི་ཡ་གྱལ་ཞིག་སྟེ། དུས་རབས་བཅུ་གཅིག་པའི་སྨད་དུ་སྟོད་ལུང་རིལ་མར་འཁྲུངས། གདུང་རུས་འབེར་མོ་ཡིན། གཞོན་དུས་ནས་རང་ཡུལ་སྤངས། ལ་སྟོད་དིང་རིར་བྱོན། ཕ་དམ་པའི་ཞབས་ལ་གཏུགས། ཞི་བྱེད་ཀྱི་ཆོས་སྐོར་རྣམས་གསན། གླང་འཁོར་དུ་ལོ་དྲུག་རིང་བཞུགས། ཉམས་རྟོགས་མངོན་དུ་གྱུར། ལོ་གསུམ་རིང་སྒྲུབ་ལ་གཞོལ། དམ་པ་འདས་ནས་ཡུལ་དུ་བྱོན་ནས་ལོ་གསུམ་བཞུགས། སླར་ཡང་ལ་སྟོད་དིང་རིར་ཕེབས། བྱང་ཆུབ་སེམས་དཔའ་ཀུན་དགའ་བསྟེན། ཞི་བྱེད་ཀྱི་དབང་ལུང་མན་ངག་གསན། ཉམས་ལེན་མཛད་བཞིན་དུ་སྐུ་གཤེགས། སྤུར་སྦྱངས་སྐབས་འཇའ་འོད་ཀྱིས་ཁེངས། རིང་བསྲེལ་མང་དུ་བྱོན།