18654

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇོ་མོ་ཤངས་ཆུང་མ་ (1)
Part of speech མིང་ཚིག
Definition མ་ཇོ་ཉེར་བཞིའི་ཡ་གྱལ་ཞིག་སྟེ། དུས་རབས་བཅུ་གཅིག་པའི་སྨད་དུ་ཤངས་ཕུར་འཁྲུངས། གཞོན་དུས་ནས་འཁོར་བ་ལ་ངེས་འབྱུང་སྐྱེས། རྒྱལ་ཁམས་ཀུན་ལ་གནས་མཇལ་བྱོན། ལ་སྟོད་དིང་རིར་ཕེབས། ཕ་དམ་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཀུན་དགའ་ཡབ་སྲས་གཉིས་མཇལ། ཞི་བྱེད་པའི་ཆོས་ཀྱི་གདམས་ངག་རྣམས་ཞུས། ལོ་དྲུག་རིང་ཉམས་ལེན་མཛད། གླང་འཁོར་དུ་བཞུགས། རྟོགས་པའི་ཡོན་ཏན་ལ་མངའ་བརྙེས། རབ་བྱུང་གཉིས་པའི་ས་ཁྱི་ཕྱི་ལོ་ ༡༡༡༨ ལོར་ཤངས་ཕུར་ཕེབས། ཉམས་ལེན་མཛད་མུར་སྐུ་གཤེགས། སྤུར་སྦྱངས་སྐབས་རིང་བསྲེལ་མང་དུ་བྱོན། མ་ཇོ་ཉེར་བཞིའི་ཉི་ཤུ་བ་ཡིན།