18669

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉ་ (1)
Part of speech མིང་ཚིག
Definition བོད་ཡིག་གི་གསལ་བྱེད་བརྒྱད་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་རྐན་དང། བྱེད་པ་ལྕེའི་རྩེ་མོ་དང་ཉེ་བ། སྒྲ་འབྱིན་ཚུལ་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱིི་དབྱེ་བའི་མོ་ཡིག་ཅིག
ཉ་ (2)
Part of speech མིང་ཚིག
Definition སྐྱེ་འཕེལ་གྱི་ཚད་མཐོ་བའི་ཆུར་གནས་སྲོག་ཆགས་ཤིག་སྟེ། ཁྲག་གྲང་མོ་ཡིན་ཞིང་རིགས་འདྲ་མིན་སྣ་ཚོགས་ཡོད། ཆེ་ཆུང་ཡང་འཚོ་གནས་བྱ་ཡུལ་དབང་གིས་མཚོ་དང་གཙང་པོའི་ནང་གནས་པ་དག་ཧ་ཅང་ཆེ་ལ། ཆུ་ཕྲན་ནང་གནས་པ་དག་ཅུང་ཆུང་བ་ཡོད། ཟས་ནི་གཙོ་བོ་ཆུར་གནས་འབུ་ཕྲན་དང༌། ཉ་ཆུང་ངུ༌། རྩི་ཤིང་གི་རུལ་རྫས། སྲོག་ཆགས་གཞན་གྱི་ཤ་རིགས་སོགས་བཟའ། སྤྱིར་བཏང་ཉའི་ཐུན་མོང་གི་མཚན་ཉིད་ནི་སྟོད་སྦོམ་ཞིང་སྨད་ཕྲ་བ་དང༌། རྒྱབ་ཏུ་ཐིག་རིས་དང་ཡང་ན་ཉ་ཁྲབ་ཡོད་པ། ལྟོ་བ་དཀར་ཞིང་འཇམ་ལ་འོད་དང་ལྡན་པ། སྐེ་མཇིང་དང་སྒལ་བ། མཇུག་མ་བཅས་སུ་ཉ་གཤོག་ཡོད་པ་ཞིག་ཡིན།
Keyword True
Synonyms མཱུ་ཀ རྐྱལ་ཆེན། འགྲོ་ལྡན། རྒྱབ་རིང་། སྒོང་སྐྱེས། ཆུར་ཉལ། ཆུས་མི་འཚུབ། སྟེང་དུ་འཕར། སྣ་ཚོགས་རྒྱུ། ཙ་མོ། གསེར་མིག མིག་མི་འཛུམ།
ཉ་ (1)
Part of speech བྱ་ཚིག
Definition ཟླ་བའི་ཆ་ཤས་རྣམས་ཚང་བར་གྱུར་པའམ་ཚད་ལོངས་པའི་དོན་ཏེ།
Keyword True
Example ཟླ་བ་ཉ་ཚེ་རྒྱ་མཚོ་འཕེལ་བར་བཤད་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།