18670

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉ་ཀྱཱ་ཞབས་དྲུང་བསོད་ནམས་དར་རྒྱས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཤིང་ཕག་ཕྱི་ལོ་ ༡༨༧༥ ལོར་སྐུ་འབུམ་མཆོད་གཞིས་ཞིང་སྐྱོང་རྒྱ་རྩང་སྡེ་བར་ཡབ་ཆོས་སྐྱོང་བཀྲ་ཤིས་དང་། ཡུམ་རྒྱལ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། འདས་ལོ་མི་གསལ། བདུན་པར་སྐུ་འབུམ་གྱི་གདན་སར་བཀོད། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ལས་རབ་བྱུང་དང་། དགེ་ཚུལ་བསྒྲུབས། རབ་འབྱམས་པ་བློ་བཟང་བསྟན་འཛིན་སློབ་དཔོན་དུ་བསྟེན། བཅུ་གསུམ་པར་དཔལ་ལྡན་བཤད་སྒྲུབ་གླིང་དུ་ཞུགས། གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད། དགུང་ལོ་ཉི་ཤུ་བར་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ལམ་འབྲས་བུའི་དགོངས་དོན་ཐམས་ཅད་མཁྱེན་པར་མཛད། སྐྱབས་རྗེ་མཚན་སྒྲོག་མཁན་ཆེན་དགེ་འདུན་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས། སྨད་སོག་ཨོར་ཏུ་སུའི་ཕྱོགས་སུ་ཕེབས། ཉེར་བཞི་པ་རབ་བྱུང་བཅོ་ལྔ་པའི་ས་ཁྱི་ཕྱི་ལོ་ ༡༨༩༨ ལོར་རྒྱུད་པའི་མཁན་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་ཚགས་ཚུད་མཛད། སྐུ་འབུམ་རྒྱུད་པའི་མཁན་ཁྲི་དོན་གསུམ་པ་ཡིན།