18680

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉ་ཁྲིག་ཤིང་ (1)
Part of speech མིང་ཚིག
Definition ཤིང་ཕྲན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བའི་སྐྱེ་ལུགས་དང་ཆེ་ཆུང་སོགས་གླང་མ་ཤིང་དང་འདྲ་བར་སྡོང་པོ་ལྗང་སྨུག་ཕྲ་ལ་རིང་ཞིང་འཇམ་ལ་འདྲོང་པོར་སྐྱེ་ཞིང་སྤྱིར་བཏང་ཡལ་ག་མེད་པ་དང༌། ལོ་མ་ལྗང་སེར་སྲབ་ཅིང་འཇམ་པར་འོད་མདངས་འཚེར་ལ་དབྱིབས་ལྕང་མའི་ལོ་མ་འདྲ་བའི་མཐའ་མཉམ་ཞིང་། རྩེ་རྣོ་བའི་སྨད་ཆས་སྡོང་པོའམ་ཡལ་ག་བཏུམས་པ་རེ་མོས་སྐྱེས་ཏེ་ཚིགས་ཀྱི་རྣམ་པར་དོད་པ་བཅས། རི་མཐོ་ཞིང་ཁ་བྱང་བསྟན་གྱི་སྲིབ་ཏུ་སྐྱེ་བ། སྟོན་དཔྱིད་གང་རུང་ལ་སྡོང་པོ་བཏུས་ཏེ་ཉི་མར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་ཚ་བ་དང་གཉན་རིམས་ལ་ཕན་པ་དང༌། འདི་སྨན་ཕྱེ་དང་ཀླུ་བསང་སོགས་སུའང་སྤྱོད་སྲོལ་ཡོད།