18694

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉ་དུག་པ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཕྲ་ལ་རིང་བ་རྒྱུས་པ་འདྲ་ལ་མཁྲེགས་པ་དང༌། སྡོང་པོ་སྔོ་ལྗང་ཕྲ་ལ་རིང་བར་ཤུར་རིས་ཅན་ཁ་ཤས་ཡོད་པ། སྐྱེ་དངོས་གཞན་ལ་འཁྲིལ་ནས་སྐྱེ་ཞིང་འཁྲིལ་ས་མེད་ན་ས་ལ་བགྲད་ནས་སྐྱེ་བ། ལོ་མ་སྔོ་ལྗང་སྒོང་དབྱིབས་ཅན་གྱི་མཐར་སྒྲོ་དབྱིབས་མང་ལ་ལོ་རེ་མོས་ཀྱི་སྐྱེ་ཞིང༌། ལོ་མ་རྫོགས་མཚམས་ཀྱི་རྩེ་ནས་སྐུད་པ་ལྟ་བུའི་ཨ་ར་རིང་པོ་གཅུས་འདྲིལ་བརྒྱབ་པའི་ཚུལ་དུ་ཡོད། མེ་ཏོག་སྔོན་པོ་སྲན་མའི་མེ་ཏོག་འདྲ་བ་ཡལ་སྡོང་གི་བར་མཚམས་ནས་འཆར་ཞིང༌། གང་བུ་ཕྲ་བ་སྲན་མའི་གང་བུའི་དབྱིབས་ལ་འབྲུ་གུ་ཆུང་ཞིང་ནག་པ་བཞི་ལྔ་ཙམ་རེ་ཡོད་པ་བཅས། བོད་ཟླ་དྲུག་པའི་ནང་རྩ་ལོ་མེ་ཏོག་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཀྲུས་རྗེས་ཁཎྜ་བརྒྱབ་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་སྐྱུར་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དྲེག་དང༌། གྲུམ་བུ། ཆུ་སེར་སོགས་ལ་ཕན་པ་ཡིན།