18708

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉ་ཕྱིས་ལ་དངུལ་དུ་འཁྲུལ་བའི་བློ་ (1)
Part of speech མིང་ཚིག
Definition མཚོ་ནང་དུ་གནས་པའི་ལུས་སྙི་བའི་སྲོག་ཆགས་ཤིག་གི་སྐོགས་ཤུན་གྱི་ནང་རོལ་མདོག་དཀར་ལ་དངུལ་དང་འདྲ་བ་ཡོད་པ་དེ་དངུལ་ཡིན་པར་འཁྲུལ་བའི་བློ། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། སྒྲ་རྟག་འཛིན་གྱི་འཁྲུལ་པ་སྐྱེ་བའི་དཔེ་ཡོད་དེ། ཁ་དོག་དཀར་པོར་ཆོས་མཐུན་པའི་ཆ་ནས་ཉ་ཕྱིས་ལ་དངུལ་དུ་འཁྲུལ་བའི་བློ་སྐྱེ་བ་བཞིན་ཡིན་པའི་ཕྱིར།
Domain ཚད་མ།