1871
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་སྟེ། ༡ སངས་རྒྱས་སམ། བྱང་ཆུབ་སེམས་དཔའམ། ཉན་ཐོས་གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདོམས་པར་བྱེད། རྗེས་སུ་སྟོན་པར་བྱ་ཞིང་བསྒོམ་པར་བྱ་ལ། ལན་མང་དུ་བྱ་བ་ཡིན། ༢ བྱང་ཆུབ་སེམས་དཔས་བུད་མེད་དང་འདྲེ་བར་རྣམ་པར་བཟློག་པའི་ཕྱིར་མངོན་པར་འབྱུུང་བ་དང་། རབ་ཏུ་འབྱུང་བ་དང་། དགོན་པར་གནས་པ་ཀུན་ཏུ་བསྟེན་པར་བྱ་ཞིང་བསྙེ་བར་བྱ་ལ། བསྙེན་བཀུར་བྱ་བ་ཡིན། ༣ བྱང་ཆུབ་སེམས་དཔས་གཅེར་བུ་བའི་སྨྲ་བ་དང་། འཇིག་རྟེན་རྒྱང་འཕེན་པ་བཟློག་པའི་ཕྱིར་ཆོས་དེ་དག་གཟུང་བ་དང་། ཀུན་ཆུབ་པ་དང་། མི་བརྗེད་པར་བྱ་བར་རྣལ་འབྱོར་དུ་བྱ་བ་ཡིན། ༤ བྱང་ཆུབ་སེམས་དཔས་ལོག་པར་ལྟ་བ་རྣམ་པར་བཟློག་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་ཀྱི་ཡང་དག་པའི་ཀུན་ཏུ་བསྟེན་པར་བྱ་བའོ། ། |
| Domain | ཆོས་ལུགས། |