18718

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉ་མ་ (1)
Part of speech མིང་ཚིག
Definition བུད་མེད་སྤྱིའི་མིང་།
Type བརྡ་རྙིང་།
ཉ་མ་ (2)
Part of speech མིང་ཚིག
Definition བུད་མེད་སློབ་མའི་མིང་སྟེ། བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ་ལས། ཉ་མ་ཞེས་པ་བུད་མེད་སློབ་མའི་མིང༌། ཞེས་འབྱུང་།
ཉ་མ་ (3)
Part of speech མིང་ཚིག
Definition སློབ་མ་ཞེས་པའི་དོན་ཏེ།
Example རྗེ་མི་ལ་རས་པའི་རྣམ་ཐར་ལས། ཐུགས་སྲས་རྣལ་འབྱོར་པ་སར་གནས་ཀྱི་སེམས་དཔའ་རྣམས་དང་ལེགས་སེ་འབུམ་དང་གཤེན་རྡོར་མོ་སོགས་སྐལ་ལྡན་གྱི་ཉ་མ་ཕོ་མོ་རྣམས། ཞེས་པ་ལྟ་བུ།