18719
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མ་ཇོ་ཉེར་བཞིའི་ཡ་གྱལ་ཞིག་སྟེ། དུས་རབས་བཅུ་གཅིག་པའི་སྨད་དུ་བོད་ཤོད་ཀྱི་ཉ་མ་རྡོར་གསལ་བྱ་བར་འཁྲུངས། ཆུང་དུས་ནས་རྣམ་རིག་གསལ། སྐྱེ་འབྲས་བཟང་། ལང་ཚོ་གཞོན་པའི་སྐབས་ཁྱིམ་ཐབ་བཟུང་། བུ་ནོར་ལོངས་སྤྱོད་འཛོམས། དད་བརྩོན་ཤེས་རབ་ལྡན། སྙིང་རྗེ་གཏོང་ཕོད་ཆེ་བ་ཞིག་ཡིན། འདོད་ཡོན་ལོངས་སྤྱོད་དང་། བུ་ཚ་རིགས་རྒྱུད་གང་ལ་མ་ཆགས་པར་དིང་རི་གླང་འཁོར་དུ་ཕེབས། ཕ་དམ་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཀུན་དགའ་ཡབ་སྲས་གཉིས་བསྟེན། ཞི་བྱེད་པའི་ཆོས་ཀྱི་གདམས་ངག་རྣམས་ཞུས། ཉམས་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས། ཞིང་གཤེགས་སྐབས་ལུང་བ་འཇའ་འོད་ཀྱིས་ཁེངས། སྤུར་སྦྱངས་པས་རིང་བསྲེལ་མང་དུ་བྱོན། |