18791

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉག་ཕྲ་བ་ (1)
Part of speech རྒྱན་ཚིག
Definition སྤོམ་པོའི་ལྡོག་ཕྱོགས་ཧ་ཅང་ཕྲ་བའི་དོན་ཏེ།
Example ཤིང་ཐུར་ཉག་ཕྲ་བ་ཆག་ལ་ཁད་པ། ཐ་གུ་ཉག་ཕྲ་བ་ཆད་ལ་ཁད་པ་ལྟ་བུ།
ཉག་ཕྲ་བ་ (2)
Part of speech རྒྱན་ཚིག
Definition ཧ་ཅང་ཞན་པའམ་ཆེས་ཤིན་ཏུ་ཉམ་ཐག་པའི་དོན་ཏེ།
Example འཚོ་བའི་གནས་སྟངས་ཉག་ཕྲ་བའི་སྐབས་རོགས་མགོན་བྱས་པ་དྲིན་ཆེ་ཤོས་སུ་ཚོར། ཉག་ཕྲ་བ་དང་ཉམ་ང་བའི་སྐབས་སུ་གོ་གོ་རིག་རིག་བྱེད་དགོས་ལྟ་བུ།