18812
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བདུན་པའི་མགོར་ཉང་སེར་པར་འཁྲུངས། རྒྱལ་པོ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་པོ་བཞིའི་ཡ་གྱལ་ཡིན། མགར་སྟོང་བཙན་ཡུལ་ཟུང་དང་མཉམ་དུ་བལ་ཡུལ་ལ་ཕེབས། བལ་བཟའ་ཁྲི་བཙུན་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས་པ་དང་། རབ་བྱུང་མ་ཚུགས་གོང་གི་མེ་སྤྲེལ་ཕྱི་ལོ་ ༦༣༦ ལོར་བློན་པོ་མགར་སྟོང་བཙན་ཡུལ་ཟུང་དང་མཉམ་དུ་ཐང་གོང་མའི་ཕོ་བྲང་དུ་ཕེབས། རྒྱ་བཟའ་ཀོང་ཇོ་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས། ཕྱི་ལོ་ ༦༤༡ ལོར་བོད་ཡུལ་དུ་ཕེབས། འཛངས་མི་བདུན་གྱི་ལྔ་ཡིན། མཛངས་པའི་ལས་སུ་རི་ཁྱིམ་ཀླུང་དུ་སྤོས། ཀླུང་ལ་གྲོང་སྡེ་དེ་ཡི་དུས་སུ་དར། ཞེས་གསུངས། |