18846

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉན་ཐོས་ཀྱི་བསྟན་པ་གནས་ཚད་ (1)
Part of speech མིང་ཚིག
Definition སྡོམ་གསུམ། དེ་ཡང་ཉན་ཐོས་ཀྱི་བསྟན་པ་ལ་ལྔ་བརྒྱ་ཕྲག་བཅུར་གསུངས་པ་ལས། དང་པོ་ལ་དགྲ་བཅོམ་ཐོབ་པ་མང། གཉིས་པ་ལ་ཕྱིར་མི་འོང་པ་ཐོབ་པ་མང། གསུམ་པ་ལ་རྒྱུན་ཞུགས་དང་ཕྱིར་འོང་ཐོབ་པ་མང་པས་འབྲས་བུའི་དུས་དང། བཞི་པ་ལ་ཞི་གནས་བསྒོམ་པ་དང་། ལྔ་པ་ལ་ལྷག་མཐོང་བསྒོམ་པ་དང། དྲུག་པ་ལ་ཚུལ་ཁྲིམས་རྣམ་དག་ལ་གནས་པ་མང་བས་སྒྲུབ་པ་ཉམས་ལེན་གྱི་དུས་དང། བདུན་པ་ལ་མངོན་པ་དང། བརྒྱད་པ་ལ་མདོ་སྡེ་དང། དགུ་པ་ལ་འདུལ་བ་ལ་བཤད་ཉན་བྱེད་པ་མང་བས་ལུང་གི་དུས་དང། ཕྲག་བཅུ་པ་ལ་སངས་རྒྱས་ཀྱི་བསྟན་པ་གཟུགས་བརྙན་ཙམ་གནས་པས་རྟགས་ཙམ་འཛིན་པ་ཞེས་བྱ་ཞིང། དང་པོ་དགུ་ནི་བསྟན་པ་སྐྱོན་མེད་དུ་གནས་པའི་དུས་ཡིན་ནོ། །དེང་སང་ནི། མདོ་སྡེ་སྤྱོད་པའི་ཕྱེད་ལྷག་པ་ཡང་སོང་ཟིན་པས་དེའི་འཕྲོ་དང། འདུལ་བ་སྤྱོད་པའི་ལྔ་བརྒྱ་བསྟན་པ་རྣམ་དག་གི་ལྷག་མ་འབྱུང་རྒྱུ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།