18857

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉན་ཐོས་ཀྱི་རྣམ་དག་སྒོམ་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀུན་མཁྱེན་རོང་སྟོན་ཆེན་པོའི་རྣམ་བཤད་ཚིག་དོན་རབ་གསལ་ལས། ཉན་ཐོས་དགྲ་བཅོམ་པའི་རྣམ་གྲོལ་ལམ་ཆོས་ཅན། ཉན་ཐོས་ཀྱི་རྣམ་དག་ཡིན་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། ཞེས་དང་། ཀུན་མཁྱེན་གོ་རམས་པས། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི་ཞེས་སོགས་ཏེ། རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་ཉོན་སྒྲིབ་ཙམ་གྱིས་དག་པའི་ཕྱིར་ན་ཉན་ཐོས་ཀྱི་རྣམ་དག་གོ ། ཞེས་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས་གསུངས། པཎ་ཆེན་ཤཱཀྱ་མཆོག་གིས། རང་གི་ངོ་སྐལ་གྱི་ཉོན་མོོངས་པའི་སྒྲིབ་པ་ཙམ་སྤངས་པའི་བྲལ་བ་དེ། ཉན་ཐོས་ཀྱི་རྣམ་དག་སྒོམ་ལམ་གྱི་མཚན་ཉིད་དོ། །དབྱེ་ན། རྒྱུན་ཞུགས་ཀྱི། ཕྱིར་འོང་། ཕྱིར་མི་འོང། དགྲ་བཅོམ་གྱི་རྣམ་དག་དང་བཞི། དེ་རེ་རེ་ལ་ཡང་རྣམ་གྲོལ་དང། སོ་སོར་བརྟགས་འགོག་གཉིས་གཉིས་ཡོད་དོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།