18860
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས། མཚན་ཉིད་ནི། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་ཉན་ཐོས་ཀྱི་ལམ་གྱི་དམིགས་རྣམ་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་འཕགས་པའི་མཁྱེན་པའོ། །ཞེས་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། མཚན་ཉིད་ནི། ཉན་ཐོས་ཀྱི་ལམ་གྱི་རྟོགས་རིགས་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཐབས་ཤེས་ཟུང་འབྲེལ་གྱི་མཁྱེན་པའོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་མཁྱེན་པར་དམིགས་པ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཐེག་ཆེན་གྱི་མཐོང་ལམ་དུ་གྱུར་པའི་དེ། ཐེག་ཆེན་གྱི་སྒོམ་ལམ་དུ་གྱུར་པའི་དེ། ཐེག་ཆེན་གྱི་མི་སློབ་ལམ་དུ་གྱུར་པའི་དེ་དང་གསུམ། དང་པོ་ནི། གང་ཟག་གི་བདག་མེད་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ལྟ་བུ། གཉིས་པ་ནི། གང་ཟག་གི་བདག་མེད་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་ལྟ་བུ། གསུམ་པ་ནི། གང་ཟག་གི་བདག་མེད་རྟོགས་པའི་རྣམ་མཁྱེན་ལྟ་བུ། ས་མཚམས་ནི། ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ནས་སངས་རྒྱས་ཀྱི་སའི་བར་ཡོད། |
{{#arraymap:ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བཀྲས་ལྷུན་ཤར་རྩེའི་ཡིག་ཆར། རང་ཡུལ་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་གང་ཞིག ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པ་དེ། དེའི་མཚན་ཉིད་ཡིན། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དེ་དང༌། དེའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་མཁྱེན་པ་རྣམས་དེའི་མཚན་གཞི་ཡིན་ནོ། །ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་ངེས་བྱེད་ཆ་མཐུན་གྱི་མཚན་ཉིད་ཡིན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་གང་ཟག་བདག་མེད་རྟོགས་པའི་མཁྱེན་པ་དང༌། དེའི་རྒྱུད་ཀྱི་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་མཁྱེན་པ་རྣམས། དེའི་མཚན་གཞི་ཡིན་ནོ། །དེས་ན་ལམ་ཤེས་གསུམ་པོ་གང་རུང་ཡིན་ན་མངོན་སུམ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་ཡིན་དགོས་པའི་ཕྱིར་ཏེ། མདོ་ལས། ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་བྱའོ། །ཞེས་པའི་དོན་འཆད་པ་ན་ཉན་རང་གིས་ཤེས་པ་མ་འཁྲུལ་པ་དང། མཐོང་བ་རྟོག་པ་དང་བྲལ་བ་བཟུང་ངོ་ཞེས་གསུངས་པའི་ཕྱིར། |
{{#arraymap:ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | གདུལ་བྱ་ཉན་ཐོས་རིགས་ཅན་རྗེས་སུ་གཟུང་བའི་ཕྱིར་དུ་ཉན་ཐོས་ཀྱི་ལམ་ཡོངས་སུ་ཤེས་པའི་བྱང་སེམས་ཀྱི་མཁྱེན་པ་ཞིག་ལ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་དོན་བདུན་ཅུ་ལས། སེམས་བསྐྱེད་བསྔོ་བ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་གསུམ་གྱིས་ཟིན་པའི་སྒོ་ནས་གདུལ་བྱ་ཉན་ཐོས་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་ཤེས་པར་བྱ་བའི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། དབྱེ་ན། ཐེག་ཆེན་མཐོང་སྒོམ་མི་སློབ་ལམ་གསུམ། ས་མཚམས་ཐེག་ཆེན་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ཡོད། ཅེས་གསུངས། |
{{#arraymap:ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་
|; |@@@ | | }}