18868
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་གསུམ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། ཉན་ཐོས་སྡོམ་པ་རྣམ་རིག་མིན། །ལུས་ངག་ལས་ནི་སྐྱེ་བར་འདོད། །ཅེས་དང། ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས། རང་དོན་དུ་དམན་པའི་བྱང་ཆུབ་ལ་དམིགས་ཏེ་གཞན་གནོད་གཞི་བཅས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །དེ་ལ་དབྱེ་ན་ཉན་ཐོས་ཀྱི་སོ་ཐར་ལ་རིས་བརྒྱད་དོ། །ཞེས་གསུངས། པཎ་ཆེན་ཤཱཀྱ་མཆོག་གི་སྡོམ་གསུམ་གསེར་ཐུར་ལས། ཉན་ཐོས་ཀྱི་སོ་ཐར་སྡོོམ་པའི་ངོ་བོ་ནི། བྱེ་བྲག་ཏུ་སྨྲ་བས་གཟུགས་ཅན་དུ་འདོད་ཀྱང། རང་རང་གི་ཐོབ་རྒྱུས་ཐོབ་ཅིང་གཏོང་རྒྱུས་མ་བཏང་བའི་གླིང་གསུམ་གྱི་སྐྱེས་པ་དང། བུད་མེད་གང་རུང་གི་རྟེན་ཅན་དུ་ངེས་པའི་སེམས་བྱུང་སེམས་པ་གཅིག་གི་ངོ་བོར་གནས་པ་ཡིན་ནོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |