18869
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། ཉན་ཐོས་རྣམས་ཀྱི་སྐྱབས་འགྲོ་ནས། །དགེ་སློང་གི་ནི་སྡོམ་པའི་བར། །ཇི་སྲིད་འཚོ་ཡི་བར་དུ་ཡིན། །ཤི་བའི་ཚེ་ན་སྡོམ་པ་གཏོང། །ཉན་ཐོས་སྡོམ་པ་རྣམ་རིག་མིན། །ལུས་ངག་ལས་ནི་སྐྱེེ་བར་འདོད། །སྡོམ་པ་གཟུགས་ཅན་ཡིན་པའི་ཕྱིར། །ཤི་བའི་ཚེ་ན་སྡོམ་པ་གཏོང། །ཞེས་དང་། ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས། ངོ་བོ་བསྒྲུབ་བྱའི་ལུས་ངག་གི་ལས་ཀྱི་ངོ་བོར་སྐྱེ་ཞིང། གཟུགས་ཅན་ཡིན་པའི་ཕྱིར་ན། འཆི་འཕོ་བའི་ཚེ་གཏོང་བར་འདོད་དེ། རྟེན་མེད་པའི་ཕྱིར། དེ་སྐད་དུ་ཡང་མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང། ཕོ་མོའི་མཚན་གཉིས་ཅིག་ཅར་བྱུང་བ་དང། ལོག་ལྟས་དགེ་རྩ་ཆད་པ་དང། མཚན་མོ་འདས་པའི་ཚེ་སོ་སོར་ཐར་པའི་འདུལ་བ་གཏོང་བར་གསུངས་པ་ནི། ཉན་ཐོས་ཀྱི་ལུགས་འདི་ལ་སྒྲུབ་བྱེད་ཚད་མ་ཡིན་པའི་ཕྱིར། དེ་ལ་དང་པོ་བཞི་ནི། རིས་བརྒྱད་ཆར་གྱི་གཏོང་རྒྱུ་ཡིན་ལ། ཕྱི་མ་ནི་བསྙེན་གནས་ཁོ་ནའི་གཏོང་རྒྱུ་ཡིན་ནོ། །ཞེས་སོ། ། པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས། ཉན་ཐོས་ཀྱི་སོར་སྡོམ་གཏོང་བའི་དུས་ཡོད་དེ། རྟེན་གྱི་གང་ཟག་ཤི་བའི་ཚེ་ན་གཏོང་བའི་སྡོམ་པ་ཡིན་པའི་ཕྱིར། ཉན་ཐོས་སོ་ཐར་གྱི་སྡོམ་པ་རྟེན་གྱི་གང་ཟག་ཤི་བའི་ཚེ་ན་གཏོང་བ་ལ་སྒྲུབ་བྱེད་ཡོད་དེ། དེ་རྣམ་པ་རིག་བྱེད་མ་ཡིན་པ་གཙོ་བོ་གྱུར་པའི་གཟུགས་ཅན་ཡིན་པའི་ཕྱིར། ཉན་ཐོས་སོ་ཐར་རྟེན་གྱི་གང་ཟག་ཤི་བའི་ཚེ་གཏོང་བ་འདི་ནི་ལུང་གིས་ཀྱང་འགྲུབ་སྟེ། ཆོས་མངོན་པའི་མཛོད་ལས། བསླབ་པ་ཕུལ་བ་དང། རྟེན་གྱི་གང་ཟག་ཤི་འཕོས་པ་དང། ཕོ་མོའི་མཚན་གཉིས་ཅིག་ཆར་ཏུ་བྱུང་བ་དང། ལས་འབྲས་མེད་པར་ལྟ་བའི་ལོག་ལྟས་དགེ་རྩ་ཆད་པས་སོ་སོར་ཐར་པའི་འདུལ་བ་རིགས་བརྒྱད་ཆར་དང། མཚན་མོ་འདས་པས་བསྙེན་གནས་སོ་ཐར་གཏོང་བར་གསུངས་པ་ནི་ཉན་ཐོས་སོ་ཐར་གྱི་གཏོང་ཚུལ་འདི་ལ་ལུང་ཚད་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས། |
| Domain | ཆོས་ལུགས། |