From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཉན་ཐོས་ཀྱི་སྦྱོར་ལམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས། མཚན་ཉིད་ནི། ཉན་ཐོས་སོ་སྐྱེའི་རྒྱུད་ཀྱི་མངོན་རྟོགས་གང་ཞིག ཐར་པ་ཆ་མཐུན་གྱི་གནས་སྐབས་ལས་འདས་པའོ། །ངོ་བོའི་སྒོ་ནས་དབྱེ་ན། དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞིའོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
ཉན་ཐོས་ཀྱི་སྦྱོར་ལམ་ (2)
| Part of speech
|
མིང་ཚིག
|
| Definition
|
གང་ཟག་གི་བདག་མེད་རྟོགས་པའི་ལྷག་མཐོང་གིས་ཟིན་པའི་ཉན་ཐོས་ཀྱི་དོན་མངོན་རྟོགས་དེ། ཉན་ཐོས་ཀྱི་སྦྱོར་ལམ་གྱི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ཉན་ཐོས་ཀྱི་སྦྱོར་ལམ་དྲོད། དེ་རྩེ་མོ། དེ་བཟོད་པ། དེ་ཆོས་མཆོག་དང་བཞི་ཡོད་དོ།།
|