18889
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། རིམ་པའི་བྱེ་བྲག་ནི། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་རང་བཞིན་གྱིས་ཆེ་བ་དག་ཡིན་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཆུང་ངུ་དང་འབྲིང་དག་ཡིན་ནོ། །ཉེ་བར་བརྟེན་པའི་བྱེ་བྲག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པས་ཉེ་བར་བརྟན་པ་དག་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་རིག་པའི་གནས་ལ་མཁས་པ་ཕྱོགས་གཅིག་གིས་ཉེ་བར་བརྟན་པ་དག་ཡིན་ནོ། །འཆིང་བའི་བྱེ་བྲག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་སྙིང་རྗེའི་ཞགས་པས་བཅིངས་པ་དག་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་དེ་ལྟ་བུ་དག་མ་ཡིན་ནོ། །སྒྲུབ་པའི་བྱེ་བྲག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་བདག་དང་གཞན་ལ་ཕན་པའི་ཕྱིར་ཉེ་བར་གནས་པ་དག་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་བདག་ལ་ཕན་པའི་ཕྱིར་ཉེ་བར་གནས་པ་དག་ཡིན་ནོ། །ཡང་དག་པར་འགྲུབ་པའི་བྱེ་བྲག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ནི་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་འབྲས་བུ་ཡང་དག་པར་འགྲུབ་བ་དག་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་བྱང་ཆུབ་དམན་པ་དང་འབྲིང་ཡང་དག་པར་འགྲུབ་པ་དག་ཡིན་ནོ། ། |
| Domain | ཆོས་ལུགས། |