18894
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱེ་བྲག་སྨྲ་བ། རྙིང་མ། ཉན་ཐོས་བྱེ་བྲག་པ་ནི། ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་བྱེ་བྲག་སྨྲ་བ་སྟེ། ཡིད་ཀྱི་མུན་སེལ་ལས། བྱེ་བྲག་ཏུ་སྨྲ་བས་རགས་པར་སྣང་བའི་དངོས་པོ་རྣམས་ནི་ཀུན་རྫོབ་པའི་བདེན་པ་ཡིན་ལ། ཕྲ་བ་དོན་དམ་པའི་བདེན་པ་དང་། བློ་ནི་ཀུན་རྫོབ་ལ། སྐད་ཅིག་དོན་དམ་པའི་བདེན་པར་འདོད་ཅིང་། གཟུང་ཡུལ་ལ་འཛིན་པའི་བློ་རྣམ་མེད་ཐུག་ཕྲད་སྐམ་པས་ལྕགས་སྦྲམ་འཛིན་པ་ལྟར་སྐྱེ་བར་འདོད་ཅིང་། འདུས་བྱས་ཐམས་ཅད་བདག་མེད་ཅིང་མི་རྟག་པ་དང་། མྱ་ངན་ལས་འདས་པ་རྟག་པར་ཡོད་ལ། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པའི་གཉེན་པོར་ལམ་གོམས་པས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་གྲུབ་སྟེ་མྱ་ངན་ལས་འདའ་བར་འདོད། ཅེས་གསུངས། |
| Domain | ཆོས་ལུགས། |